R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༦ན
[A:༢༦ན]པ།
དང་། གསང་སྒྲུབ་ནན་ཆགས་མ་ལྷ་ཉི་ཤུའི་རྗེས་གནང་རྔོག་བསོད་ནམས་བསྟན་འཛིན་གྱི་ཡིག་ཆའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། འཕགས་པ་ཀླུ་སྒྲུབ། ལུས་མེད་ཡེ་ཤེས་མཁའ་འགྲོ གྲུབ་ཆེན་ཏི་ལོ་པ། ནཱ་རོ་པ། མར་པ་ལོ་ཙཱ། རྔོག་ཆོས་སྐུ་རྡོ་རྗེ། རྔོག་ཞེ་སྡང་རྡོ་རྗེ། རྔོག་ཐོགས་མེད་གྲགས་པ། རྒྱལ་ཚ་ར་མོ། ཀུན་དགའ་རྡོ་རྗེ། གཟི་བརྗིད་གྲགས་པ། རིན་ཆེན་བཟང་པོ། ཆོས་རྒྱལ་བ། དོན་གྲུབ་དཔལ། རྔོག་བྱང་ཆུབ་དཔལ། རྔོག་བསོད་ནམས་དོན་གྲུབ། རྔོག་བསོད་ནམས་ལྷུན་པོ། རྔོག་བསོད་ནམས་བསྟན་འཛིན། དྲིན་ཅན་ཚར་པ་ཆོས་རྗེ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག ཉམས་དང་རྟོགས་པའི་མངའ་བདག་རྗེ་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་རྒྱལ་ཚ་ར་མོ། སློབ་དཔོན་ལྕམ་མེ། སློབ་དཔོན་ནམ་མཁའ་དབང་ཕྱུག ཀུན་དགའ་དབང་ཕྱུག རིན་དཔལ། གྲགས་པ་རྒྱལ་མཚན། ཀུན་དགའ་བཟང་པོ། རྔོག་བསོད་ནམས་དོན་གྲུབ། ཤཱཀྱ་དོན་འགྲུབ། བསོད་ནམས་ལྷུན་པོ་མན་འདྲ། ཡང་ན་རིན་ཆེན་བཟང་པོ་ནས། རིན་ཆེན་དཔལ། དཔལ་གྱི་རྡོ་རྗེ། སློབ་དཔོན་བཟང་དཔལ། བྱང་ཆུབ་དཔལ་མན་འདྲ། ཡང་ན་རིན་ཆེན་བཟང་པོ། སངས་རྒྱས་སེང་གེ དཔལ་གྱི་རྡོ་རྗེ་མན་འདྲ། ༈ །དཔལ་ལྡན་ལྷ་མོ་དུད་སོལ་མའི་མན་ངག་ཟབ་མོའི་ཆོས་སྐོར་ཡོངས་རྫོགས་ཀྱི་གླེགས་བམ་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། ཐོག་མར་གླེགས་བམ་དཀར་ཆག་རྗེ་ཚར་ཆེན་གྱིས་མཛད་པ། ཕྱི་སྒྲུབ་ཀྱི་རྗེས་གནང་རྔོག་ཞེ་སྡང་རྡོ་