R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༦བ
[A:༢༦བ]རྗེས་མཛད་པ། དེའི་ལག་ལེན་གྱི་ཡི་གེ་རྔོག་བསོད་ནམས་དོན་གྲུབ་ཀྱིས་མཛད་པ། གསང་སྒྲུབ་ཀྱི་རྗེས་གནང་ཞེ་སྡང་རྡོ་རྗེས་མཛད་པ། དེའི་གསལ་བྱེད་མར་རྔོག་གི་ཕྱག་ལེན་གྱི་ཡི་གེ གསང་སྒྲུབ་ཀྱི་རྗེས་གནང་གི་ཡི་གེ་རྒྱས་པ་རྔོག་བསོད་ནམས་བསྟན་འཛིན་གྱིས་མཛད་པ། རྒྱུད་ཀྱི་སྐོར་ལ། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལེའུ་ཉི་ཤུ་རྩ་གཉིས་པ། དུད་སོལ་མའི་སྒོས་རྒྱུད་དངོས་གྲུབ་འབྱུང་བའི་རྒྱུད། ཕྱི་སྒྲུབ་ཀྱི་སྐོར་ལ་ལྷ་མོའི་སྒྲུབ་ཐབས་བྲམ་ཟེས་མཛད་པ། དེའི་བསྡུས་དོན་ཤོག་གཅིག་མ། དེའི་འགྲེལ་པ་ལག་ལེན་གྱི་ཞལ་གདམས་ཤིན་ཏུ་ཟབ་པ། གསང་སྒྲུབ་མ་མོ་ཉེར་གཅིག་གི་རྗེས་གནང་། ལྷ་མོའི་བསྙེན་པའི་ཡི་གེ སྒྲུབ་པ་དང་ལས་སྦྱོར་གྱི་ཞལ་གདམས། ཡང་ན་དུད་སོལ་མའི་ཞལ་གདམས་ཟབ་མོ། ཞལ་གདམས་རྨིས་ལྟས་མ། གསང་སྒྲུབ་ཀྱི་རྒྱ་གཞུང་བིརྺ་པས་མཛད་པ། དེའི་འགྲེལ་པ་ལག་ལེན་མ། དྲག་མོ་རྐང་ཐང་རྣོ་བའི་མདེའུ་ཁ་ལ་རེག་ཆོད། དྲག་མོ་རྐང་ཐང་གི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ། དྲག་མོ་རྐང་ཐང་ཡང་སྙིང་བཀོལ་བའི་སྒྲུབ་ཐབས། ལྷ་མོ་ཡང་གསང་རྐང་ཐང་དུ་བསྒྲུབ་པ། ཚེ་དང་བསོད་ནམས་རྒྱས་པ་སོགས་ཀྱི་ཡི་གེ རྟེན་དང་ལྟས་ངན་དབབ་པའི་ཡི་གེ མངོན་ཤེས་དང་པྲ་དབབ་པའི་ཡི་གེ་ཞལ་ཤེས་དང་བཅས་པ། དུད་སོལ་མའི་གཏོར་ཆོག་རྒྱས་པ། དུད་སོལ་མའི་སྤྱན་འདྲེན། མཆོད་འབུལ། གཏོར་བསྐངས། གཏོར་བཤགས། བསྟན་སྐྱོང་སོགས་ཀྱི་ཡི་གེ བསྟོད་པ་འཕྲིན་ལས་རྣམ་བཞི་མ། ལྷ་དབང་པོ་བརྒྱ་བྱིན་གྱི་དགེ་བཅུའི་སྒོ་ནས་བསྟོད་པ། ཕྱོགས་བཅུའི་ལྷ་མོའི་བསྟོད་བསྐུལ། གཏོར་ཟོར་