R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༩ན
[A:༢༩ན]མཚན་ཅན་གྱིས་ཕྱོགས་གཅིག་ཏུ་བྲིས་པའི་མན་ངག་གི་ཡི་གེ་གསར་རྙིང་རྣམས་ཀྱི་ལུང་ཡོངས་རྫོགས་ཐོབ་པའི་བརྒྱུད་པ་ནི། ཡེ་ཤེས་ཀྱི་མགོན་པོ། ར་ཧུ་ལ་གུཔྟ་བཛྲ། ཁྱུང་པོ་རྣལ་འབྱོར། རྨོག་ཅོག་པ། སྐྱེར་སྒང་པ། གཉན་སྟོན་རིན་པོ་ཆེ། སངས་རྒྱས་སྟོན་པ། མཁས་གྲུབ་ཙང་མ་ཤང་སྟོན། རྒྱལ་མཚན་འབུམ། འཇག་པ་བྱམས་པ་དཔལ། བློ་གྲོས་དཔལ་བཟང་། ཀུན་དགའ་དཔལ་བཟང་། ཆོས་རྒྱལ་དཔལ་བཟང་། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་རྗེ། རྗེ་རྡོ་རིང་པ། རྗེ་ཚར་ཆེན། རྗེ་མཁྱེན་བརྩེ་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་གནོད་སྦྱིན་ཆེན་པོ་ཟངས་ཀྱི་བག་ཙེ་ཅན་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། མ་ཧཱ་དེ་ཝ། ཨཱ་ཙརྻ་ཉི་འོད་གྲགས་པ། སྲས་ཟླ་བ་ནག་པོ། པཎྜི་ཏ་དྷ་ར་ཏྲ་ཤུ། མགར་ལོ་ཙཱ་བ། གནམ་ཁ་འུབ་པ། རྗེ་ས་ཆེན། ཤུ་བུ་བཀྲ་ཤིས་འོད་ཟེར། གྲུབ་ཐོབ་མདར་ཆར། བོ་དོང་བརྩོན་འགྲུས་རྡོ་རྗེ། ཇོ་སྲས་སངས་རྒྱས་རིན་ཆེན། ཤེས་རབ་མཚོ། བླ་མ་བསོད་ནམས་དབང་ཕྱུག ལྕང་སྤེ་བ་སེང་གེ་འབུམ། ཀུན་མཁྱེན་དཔལ་ལྡན་པ། སེང་གེ་བཟང་པོ། རྣམ་གྲོལ་བ་རིན་ཆེན་བཀྲ་ཤིས། རྟོགས་ལྡན་ཡོན་ཏན་མགོན་པོ། བླ་མ་རྡོ་རྗེ་གཞོན་ནུ་དཔལ། མུས་སྲད་པ་རྡོ་རྗེ་རྒྱལ་མཚན། སྒྱི་ཆུ་བ་ཤེས་རབ་རིན་ཆེན། ཚར་ཆེན་བློ་གསལ་རྒྱ་མཚོ། རྗེ་མཁྱེན་བརྩེ་དབང་ཕྱུག གྲུབ་མཆོག་བསོད་ནམས་ཆོས་འཕེལ། ཉམས་དང་རྟོགས་པའི་མངའ་བདག་རྗེ་དབང་ཕྱུག་རབ་བརྟན། དེས་བདག