R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༨བ
[A:༢༨བ]རིན། ཡེར་པ་བ་བརྩོན་འགྲུས་རྒྱ་མཚོ། མལ་གྲོ་བ་གྲུབ་ཆེན་ཆོས་སྐྱོང་རྒྱ་མཚོ། མདོ་ཁམས་པ་བླ་ཆེན་ཡོན་ཏན་རྒྱ་མཚོ། ཚར་ཆེན་བློ་གསལ་རྒྱ་མཚོ། ཡོངས་འཛིན་མཁྱེན་བརྩེ་དབང་ཕྱུག མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་ཆོས་ཀྱི་རྒྱ་མཚོ། ཉམས་དང་རྟོགས་པའི་མངའ་བདག་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ།། ༈ །།ཡང་ས་སྐྱ་པའི་མན་ངག་འཇམ་དཔལ་ནག་པོའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། བླ་མ་རྡོ་རྗེ་གདན་པ་ཆུང་བ། བ་རི་ལོ་ཙཱ་བ། ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎ། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་ཡེ་ཤེས་དཔལ། བློ་བཟང་དཀར་མོ། དཀོན་མཆོག་ཐུགས་རྗེ། གླིང་སྨད་པཎྜི་ཏ། ཤེས་རབ་དཔལ་ལྡན། ཁམས་གསུམ་ཐམས་ཅད་མཁྱེན་པ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ། སློབ་དཔོན་ཆེན་པོ་རིན་ཆེན་ཆོས་མཆོག མདོ་ཁམས་པ་ཡོན་ཏན་རྒྱ་མཚོ། རྗེ་ཚེ་དབང་བཀྲ་ཤིས། མཐུ་སྟོབས་དབང་ཕྱུག་རྣམ་རྒྱལ་བཀྲ་ཤིས། ཉམས་དང་རྟོགས་པའི་མངའ་བདག་རྗེ་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །འདིའི་མན་ངག་ཡོངས་རྫོགས་ཀྱི་ཡི་གེ་རྗེ་ས་ཆེན་གྱི་གསུང་རབ་དང་། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པ་གཉིས་ཀའི་ལུང་ཡང་ཐོས་སོ། ༈ །མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་སྐོར་ལས་ཚོགས་མང་པོ་དང་ལྷག་པར་རྗེས་གནང་། བྲིས་སྐུ་བྱ་ཐབས། རབ་གནས་སོགས་ཀྱི་ཡིག་ཆུང་ཞལ་ཤེས་མང་པོ་རྡོ་རྗེ་འཛིན་པ་ནམ་མཁའི་