R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༣བ
[A:༣བ]པོ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཁའུ་པ་འོད་ལྡན་དཔལ། བུ་ལུང་པ་ཀུན་དགའ་རྡོ་རྗེ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས་དཔུང་རྒྱན་མཛེས་པའི་ཏོག དགའ་ལྡན་པ་ཀུན་དགའ་བསོད་ནམས། གན་པ་རིན་ཆེན་རྒྱལ་མཚན། དཔལ་ལྡན་བླ་མ་དམ་པ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཡར་ཀླུང་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་དར། དམར་སྟོན་རྒྱལ་མཚན་འོད་ཟེར། མཚུངས་མེད་ནམ་མཁའ་བློ་གྲོས། ཆག་ལོ་ཙཱ་བ་རིན་ཆེན་ཆོས་ཀྱི་རྒྱལ་པོ། ས་ལོ་འཇམ་པའི་རྡོ་རྗེ། སྒོ་རུམ་པ་ཀུན་དགའ་ལེགས་པ། རྗེ་མཁྱེན་བརྩེ་དབང་ཕྱུག ཉམས་དང་རྟོགས་པའི་མངའ་བདག་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་ཉེ་བརྒྱུད་ནི། དཔལ་ཧེ་རུ་ཀ སློབ་དཔོན་ཧཱུྃ་ཀ་ར། སློབ་དཔོན་པདྨ་འབྱུང་གནས། འཁོན་ཀླུའི་དབང་པོ་བསྲུང་བ། འཁོན་རྡོ་རྗེ་རིན་ཆེན་མན་གོང་བཞིན། ཡང་ན་ས་ཆེན་ཀུན་དགའ་སྙིང་པོ་ནས། གན་པ་སྟོན་དར། གན་པ་ཤེས་རབ་བློ་གྲོས། གན་པ་ཆོས་རྒྱལ། གན་པ་ཆོས་རིན། གན་པ་རིན་ཆེན་རྒྱལ་མཚན་མན་གོང་དང་འདྲའོ། ༈ །ཡང་རྗེ་བཙུན་དེ་ཉིད་ཀྱི་དྲུང་དུ། ས་སྐྱ་པའི་ཡབ་ཆོས་ཡང་ཕུར་ཐུན་མོང་གི་རྫོགས་རིམ་གྱི་མན་ངག་ཟབ་མོ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཁྲིད་ཉམས་ཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ། གྲུབ་ཆེན་ཧཱུྃ་ཀ་ར། སློབ་དཔོན་པདྨ་འབྱུང་