R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༤ན
[A:༤ན]གནས། པཎ་ཆེན་བི་མ་ལ་མི་ཏྲ། བལ་པོ་ཤཱི་ལ་མཉྫུ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ཇོ་མོ་མཁར་ཆེན་མཚོ་རྒྱལ། མཁར་ཆེན་དཔལ་གྱི་དབང་ཕྱུག སྣ་ནམ་རྡོ་རྗེ་བདུད་འཇོམས། ཆིམ་སྟོན་ཤཱཀྱ་པྲ་བྷ། ཤུད་བུ་དཔལ་གྱི་སེང་གེ ཉང་ཏིང་ངེ་འཛིན་བཟང་པོ། རྦ་སྒོམ་བློ་གྲོས་དབང་ཕྱུག ལྡང་མ་ལྷུན་གྱི་རྒྱལ་མཚན། ལྕེ་བཙུན་སེང་གེ་དབང་ཕྱུག གྲུབ་ཐོབ་གཅེར་སྒོམ་ཆེན་པོ། སློབ་དཔོན་གཉེར་སྒོམ་ཆེན་པོ། གོ་རུབ་རིན་ཆེན་ཆོས་ཀྱི་དབང་ཕྱུག མཚུངས་མེད་ཤེས་རབ་རིན་ཆེན། འབྲི་ཕྱུག་པ་རིན་ཆེན་འབུམ། ཡར་ཀླུང་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག མཉམ་མེད་སངས་རྒྱས་གླིང་པ་ནམ་མཁའ་བསོད་ནམས། ཞལ་བུ་བ་ནམ་མཁའ་རྒྱལ་མཚན། རིན་པོ་ཆེ་ནམ་མཁའ་རྡོ་རྗེ། རྗེ་བླ་མ་གྲུབ་པའི་དབང་ཕྱུག་ངག་དབང་ཆོས་རྒྱལ། ཉམས་དང་རྟོགས་པའི་མངའ་བདག་གྲུབ་པ་མཆོག་གི་དེད་དཔོན་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལ་དགྱེས་བཞིན་དུ་གནང་བའོ། །ཡང་ན་ཆོས་རྒྱལ་འཕགས་པ་ཡན་ཆད་ས་སྐྱ་པའི་ཟབ་ཆོས་རྡོ་རྗེ་ཕུར་པའི་སྟོད་ལས་བྱང་ཆུབ་བསྒྲུབ་པའི་དབང་དང་འདྲ་ལ། དེ་ནས་བརྒྱུད་ལུགས་གཞན་འགའ་ཞིག་ལས་བརྒྱུད་དེ་འོངས་པ། ཐེག་ཆེན་ཆོས་རྗེས་ཆེད་གཉེར་དུ་མ་མཛད་དེ་གསན་པ་ལས། དེ་ཉིད་ཀྱི་དྲུང་དུ་ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱིས་གསན་ཏེ་མཁན་ཆེན་བསོད་ནམས་རྒྱལ་མཆོག་ལ་གནང་ཞིང་། དེ་ནས་བསམ་གཏན་གླིང་པ་མན་ཆད་གོང་དང་འདྲའོ། །འདིའི་ཡིག་སྐོར་གྱི་ལུང་ཐོབ་པའི་ཆོས་ཀྱི་