R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༤བ
[A:༤བ]རྣམ་གྲངས་ལ། རྫོགས་ཆེན་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་སྤྱི་གཙུག་ཉི་ཟླ་མ། དེའི་བརྒྱུད་པའི་ལོ་རྒྱུས། ཆོས་འབྱུང་བདུད་རྩིའི་ཁུངས་འབྱིན། རྗེ་བཙུན་བསམ་གཏན་གླིང་པའི་བསྟོད་པ། དེའི་རྣམ་ཐར་མནལ་ལམ་མ་རྗེ་རང་གིས་མཛད་པ། ཡང་དག་རྩ་བའི་གཞུང་། རུ་ལུ་སེར་ཕྲེང་ཐུགས་ཀྱི་ལྡེ་མིག ཁྲིད་ཀྱི་ཟིན་བྲིས་ས་བཅད་འགྲོ་ཀུན་དགའ་བསྐྱེད། ཁྲིད་ཡིག་ཆེན་མོའི་ལམ་རིམ་ཐར་པའི་སྒོ་འབྱེད། རྗེ་བསམ་གཏན་གླིང་པའི་གསུང་རྒྱུན་ཟིན་བྲིས་སུ་བཏབ་པ། རིན་པོ་ཆེ་རླུང་གི་ཕྲ་ཐིག བསམ་གཏན་གོལ་ས་གཅོད་པ། རིམ་པ་གཉིས་ལ་འཇུག་པའི་སྒོ། ཕུར་པ་རྩ་དུམ། ཕུར་པ་རྩ་དུམ་གྱི་རྒྱུད་བཤད་ཀྱི་ཟིན་བྲིས། རྗེ་བསམ་གཏན་གླིང་པའི་གསུང་རྒྱུན་ལུང་བསྡུས། ཟབ་མོ་ལུང་གི་ཕྲེང་བ། བསམ་གཏན་མིག་གི་སྒྲོན་མ། སྔོན་གྱི་མཁས་པས་མཛད་པའི་རྫོགས་ཆེན་རྩོད་སྤོང་ནས་བསྡུས་པའི་ཡི་གེ་སྟེ་རྫོགས་ཆེན་ཨ་ཏི་ཡོ་གའི་གླེགས་བམ་ཡོངས་སུ་རྫོགས་པ་ནོས། ༈ །ཡང་ཆོས་ཀྱི་རྗེ་དེ་ཉིད་ཀྱི་དྲུང་དུ་དཔལ་ལྡན་ས་སྐྱ་པའི་གདམས་པ་དམར་མོ་སྐོར་གསུམ་དུ་གྲགས་པ་ལས། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་ནཱ་རོ་པ། ཕམ་ཐིང་པ་སྐུ་མཆེད། ཀློག་ཀྱ་ཤེས་རབ་བརྩེགས། མལ་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། གྲུབ་ཆེན་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་