[A:༦༠བ]ན་ཉིད་ཀྱི་མན་ངག ལས་བཅུའི་གསལ་བྱེད། མཻ་ཏྲི་མཁའ་སྤྱོད་ཀྱི་རྒྱུད་ཆུང་། སྒྲུབ་ཐབས་གཉིས་མེད་རྡོ་རྗེས་མཛད་པ། རྗེས་གནང་གི་ཆོ་ག་རྒྱལ་བའི་སྡེས་མཛད་པ་དང་གསུམ་ལ། རྗེ་བཙུན་གྱིས་མཆན་བཏབ་པ། ན་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་བསྐྱེད་རིམ་དང་བཅས་པའི་བཟླས་སྒོམ་ལ་བརྟེན་པའི་མཁའ་སྤྱོད་བསྒྲུབ་པ།་་་་་ས་ཆེན་གྱིས་མཛད། བྱིན་རླབས་ཀྱི་ཡི་གེ ཚེས་བཅུའི་མཆོད་པ། སྦྱིན་སྲེག མར་མེའི་སྦྱིན་སྲེག སྐྲ་སེན་དབབ་པ། གནོད་སྦྱིན་མོའི་སྒྲུབ་ཐབས། ཚངས་པའི་བུ་མོའི་སྒྲུབ་ཐབས། པདྨ་ས་ཏའི་མན་ངག ཁོལ་པོ་ས་ཏའི་མན་ངག སྨན་ཆེན་པོའི་བཅུད་ལེན་ཏེ་འདི་རྣམས་ས་ཆེན་གྱིས་མཛད་པ་ཡིན་ཡང་ཕག་མོ་སྐོར་གསུམ་གྱི་མན་ངག་རྣམས་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར་བླ་མ་གོང་མས་འདིར་བྲིས་པར་གནང་གསུངས། རྩ་དབུ་མའི་ཁྲིད་ཡིག ངེས་བརྗོད་བླ་མའི་འཁྲུལ་འཁོར་བྲི་བསྒོམ་གྱི་མན་ངག རྣལ་འབྱོར་མ་ཀུན་སྤྱོད་ཀྱི་ས་བཅད། དེའི་ཊིཀྐ་སྟེ་བདེ་མཆོག་གི་ཕྱོགས་ལ་ཆོས་སྣ་སུམ་ཅུ་སོ་གཉིས། ཀུ་རུ་ཀུལླེའི་སྒྲུབ་ཐབས། ཚོགས་བདག་གི་སྒྲུབ་ཐབས། དགྲ་ནག་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར། མངོན་རྟོགས། འཇིགས་བྱེད་ཀྱི་བསྟོད་པ་སློབ་དཔོན་རིན་པོ་ཆེས་མཛད་པ་ལ་ཁ་སྐོང་གནང་བ། བདུད་རྩི་འཁྱིལ་བའི་སྒྲུབ་ཐབས་ཏེ་ཆོས་སྣ་ཐོར་བུ་བ་ལྔ། རྗེ་བཙུན་མ་སྒྲོལ་མའི་སྐོར་ལ། སྒྲོལ་མ་ཉིན་ཞི་མཚན་ཁྲོའི་སྒྲུབ་ཐབས། བསྟོད་པ་འདོན་ཐབས་ལས་ཁ་ཚར་བ་དང་བཅས་པ། སྒྲོལ་མ་སྤྱི་སྒྲུབ་སོ་སོའི་སྒྲུབ་ཐབས། བསྟོད་པ། འདོན་ཐབས་ཀྱི་བརྗེད་བྱང་། སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས། ཊཱིཀྐ་དང་ས་བཅད། སྒྲོལ་མ་ལུས་