[A:༦༡ན]དཀྱིལ་གྱི་སྒྲུབ་ཐབས། ཕྱག་འཚལ་ཉེར་གཅིག་གི་སྒྲུབ་ཐབས།
ཉི་མ་སྦས་པའི་ལས་ཚོགས་ཀྱི་འགྲེལ་པ་ཡིན།
དེའི་བསྡུས་དོན། མཆན་དཀྱུས་སུ་བཅུག་པ་གསལ་བའི་འོད་ཟེར། གཉན་སྒྲོལ་གྱི་སྒྲུབ་ཐབས་ཡན་ལག་དྲུག་པ། མཎྜལ་བཞི་པའི་གསོལ་འདེབས་རྣམས་ཏེ་ཆོས་སྣ་བཅུ་གསུམ་སྒྲོལ་མའི་དཀྱིལ་ཆོག་གི་བསྡུས་དོན་དང་། འཆིམ་ཆོས་བཟང་ལ་སྤྲིངས་པ་དང་བཅས་པས་ཆོས་སྣ་བཅོ་ལྔ་ཡོད། ཆོས་སྣ་དགུ་པ་ཕྱག་འཚལ་ཉེར་གཅིག་གི་སྒྲུབ་ཐབས་ཟེར་བ་དེ་ལ་ལས་ཚོགས་ཀྱི་རིམ་པ་ལེའུ་ཉི་ཤུ་རྩ་དྲུག་ཡོད། རྗེ་བཙུན་གྱི་རྣམ་ཐར་མནལ་ལམ་མ་ཁམས་པ་སྦས་སྟོན་གྱིས་བྲིས་པ། ནང་གི་ལྷུང་བཟེད་བརྟག་པ་རྗེ་བཙུན་གྱི་གསུང་བཞིན་སྣ་རོའི་བནྡེས་བྲིས་པ། ག་རིང་རྒྱལ་པོ་ལ་བརྩིས་བསྡུར་གྱི་ཡི་གེ རྩ་ལྟུང་འཁྲུལ་སྤོང་། སྒྲུབ་ཐབས་བརྒྱ་རྩའི་ཊཱིཀྐ་རྣམས་སོ།འདིའི་མཇུག་ན་ལྷའི་གདན་དང་ས་བོན་གང་ལས་བསྐྱེད་པ་ཡང་བཤད།
།ཇ་པ་ལ་ངན་སོང་སྦྱོང་རྒྱུད་ཀྱི་སྤྱི་དོན་གཞན་ཕན་སྤྱི་ཆིངས་སུ་གྲགས་པ། སྦྱོང་རྒྱུད་ས་བཅད། ཡོ་གའི་དཀྱིལ་ཆོག་རྡོ་རྗེ་འབྱུང་བའི་ཊཱིཀྐ །ཀུན་རིག་གི་ཆོ་ག་གཞན་ཕན་འོད་ཟེར། གཞན་ཕན་ཉེར་མཁོ། ཨརྒྷའི་ཆོ་ག རབ་གནས་དོན་གསལ། རིགས་གསུམ་སྤྱིའི་དཀྱིལ་ཆོག འཇམ་དབྱངས་དཔའ་བོ་གཅིག་སྒྲུབ་ཀྱི་ཊཱིཀྐ །མི་གཡོ་བའི་བསྟོད་པ་འཐད་ལྡན་མ། འཇམ་དབྱངས་ཀྱི་བསྟོད་པ་རྒྱུད་གསུམ་འཁོར་ལོ། སྒྲུབ་ཐབས་ཚིགས་བཅད་མ། མཚན་བརྗོད་འདོན་ཐབས་དམིགས་ཚོ་གསུམ་ཡོད་པ། ཨ་ར་པ་ཙ་ན་ལྷ་ལྔའི་སྒྲུབ་ཐབས།འདི་རྗེ་བཙུན་གྱིས་མཛད་པ་ཡིན་མིན་ཐེ་ཚོམ་ཡོད་ཟེར།
དེའི་དཀྱིལ་ཆོག དོན་ཡོད་ཞགས་པའི་ཆོ་