R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༦༢བ
[A:༦༢བ]འདྲ། ༈ །རྒྱུད་སྡེ་སྤྱིའི་སྟོང་ཐུན། དག་ལྡན། མངོན་རྟོགས་ལྗོན་ཤིང་། གུར་གྱི་ས་བཅད། གུར་རྒྱན་རྣམས་ཀྱི་བརྒྱུད་པ་ནི། དཀར་པོ་རྣམ་གསུམ། ས་པཎ། ཞང་མདོ་སྡེ་དཔལ། འཇམ་སྐྱ། དཔལ་ལྡན་སེང་གེ བླ་མ་དམ་པ། མཁན་ཆེན་ཤེས་རྡོར་བ་མན་འདྲ། ༈ །ནག་པོ་དཀྱིལ་ཆོག དེའི་ཊཱིཀྐ། ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས། མཻ་ཏྲི་མཁའ་སྤྱོད་ཀྱི་སྒྲུབ་ཐབས། རྫོགས་རིམ་རྩ་དབུ་མ། པྲ་ཕབ་པ། གནོད་སྦྱིན་མོ་སྒྲུབ་ཐབས། ཚངས་པའི་བུ་མོའི་སྒྲུབ་ཐབས། པདྨ་པ་ཏིའི་མན་ངག སྨན་ཆེན་པོའི་བཅུད་ལེན། མཻ་ཏྲི་མཁའ་སྤྱོད་ཀྱི་རྗེས་གནང་རྣམས་ནི། བྲག་ཕུག་པ། བླ་མ་བསོད་ནམས་པ། ཤེས་རྡོར་བ་མན་འདྲ། སྒྲོལ་མ་སྤྱི་སྒྲུབ། སོ་སོའི་སྒྲུབ་ཐབས། ཁོལ་པོ་པ་ཏིའི་མན་ངག བསྟོད་པ་འདོན་ཐབས། ཉི་སྦས་ཀྱིས་མཛད་པའི་ཕྱག་འཚལ་ཉེར་གཅིག་གི་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་ཊཱིཀྐ། ས་ཆེན་གྱིས་མཛད་པའི་དཀྱིལ་ཆོག་རྣམས་ནི་རིན་པོ་ཆེ་བསོད་གྲགས་པ། ཆོས་རྗེ་བསོད་ནམས་པ། ཤེས་རྡོར་བ་མན་འདྲ། སྒྲོལ་མའི་བསྟོད་སྒྲུབ་གཉིས་ནི། ཉི་སྦས། ཏེ་ལོ། ནཱ་རོ། ནག་པོ་པ། གུ་རུབ་ལོ་ཙཱ་བ། རོང་པ། བྲང་ཏི་དར་མ་སྙིང་པོ། ས་ཆེན། འཆིམ་ཁུ་དབོན། བླ་མ་འཇམ་གསར། ལྕེ་མདོ་སྡེ་སེང་གེ སྒ་ལོ། རོང་པ་ཤེས་བཟང་། རིན་པོ་ཆེ་བསོད་གྲགས་པ་མན་འདྲ། ས་ཆེན་གྱི་རྒྱུད་སྡེ་སྤྱི་རྣམ། བརྟག་གཉིས་ཀྱི་ས་བཅད། ཊཱིཀྐ། བདེ་མཆོག་རྩ་རྒྱུད་ཀྱི་ལེ་འགྲེལ། ས་བཅད་མལ་ལོའི་གསུང་ལ་ཟིན་བྲིས་བྱས་པའི་ཊཱིཀྐ་ཆེ་བ། འཇིགས་བྱེད་རྟོག་བདུན་གྱི་ཊཱིཀྐ་ཆེ་བ་རྣམས་ནི། ས་ཆེན། གན་པ་སྟོན་