R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༦༣ན
[A:༦༣ན]དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། གན་པ་རིན་རྒྱལ། བླ་མ་ཡེ་ཤེས་དཔལ། ཤེས་རྡོར་བ་མན་འདྲ། རྗེ་བཙུན་རྩེ་མོའི་སམྦུ་ཊིའི་ཊཱིཀྐ། རྗེ་བཙུན་གྱི་རབ་གནས་དོན་གསལ། ཧེ་རུ་ཀའི་ཆས་དྲུག གཏོར་མ་བརྒྱ་རྩ་རྣམས་ནི། རྗེ་བཙུན་སྐུ་མཆེད། ས་པཎ། ཞང་མདོ་སྡེ་དཔལ། འཇམ་སྐྱ། དཔལ་ལྡན་པ། ཤེས་རྡོར་རོ། །སྒྲོལ་མ་ཞི་ཁྲོའི་ཐུགས་སྒྲུབ་ནི། ཆོས་རྗེ་ཁུ་དབོན། ཤར་པ་ཤེས་འབྱུང་། ཡེ་ཤེས་འབྱུང་གནས། དཀོན་མཆོག་འབྱུང་གནས། བདེ་བ་ཅན་པ་ཡེ་ཤེས་མགོན། སེང་གེ་བ། ཤེས་རྡོར་རོ། །མི་གཡོ་བའི་ཆུ་བསྲུང་ནི། རྗེ་བཙུན་སྐུ་མཆེད། ས་པཎ། མདོ་སྡེ་དཔལ། ལོ་མཆོག་བག་སྟོན། ཤེས་རྡོར་རོ། །ཀུ་རུ་ཀུལླེའི་སྒྲུབ་ཐབས་ནི། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་པ། འུ་ཡུག་པ་བསོད་སེང་། སྤྲུ་ལུང་པ་ཀུན་སྨོན། ལ་རུ་བ་ཡོན་ཏན་དཔལ། དགའ་ལྡན་པ་ཀུན་བསོད། བག་སྟོན། ཤེས་རྡོར་རོ། །གཉན་སྒྲོལ་ཡན་ལག་དྲུག་པ་ནི། ཆོས་རྗེ་ཁུ་དབོན། ཤར་པ་སྐུ་མཆེད། འཇམ་དབྱངས་ཆེན་པོ། བག་སྟོན། ཤེས་རྡོར་རོ། །རྡོ་རྗེ་འབྱུང་བའི་ཊཱིཀྐ་ནི། ཆོས་རྗེ་ཁུ་དབོན། སྤྲུ་ལུང་པ། ཞང་དཀོན་མཆོག་དཔལ། སློབ་དཔོན་རིན་ཆེན་དཔལ། བླ་མ་རྒྱལ་བ་དཔལ། བླ་མ་ཐོགས་མེད་པ། ཤེས་རྡོར་རོ། །དོན་ཞགས་ཀྱི་ལོ་རྒྱུས། ས་བཅད། རྒྱུད་ཆུང་གི་ཊཱིཀྐ་ལག་ཏུ་བླང་པའི་རིམ་པ་རྣམས་ནི། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། གཙང་པོ་ཞོ་ར་བ། ལ་རུ་བ། གྲགས་ཆེན་པ། འཕགས་འོད། ཀུན་མཁྱེན་བུ། མཁན་ཆེན་དར་མ་བ། ཤེས་རྡོར་རོ། །དྲིལ་བུ་པའི་དབང་ཆུ། སྒྲུབ་