[A:༦༤ན]གཉིས་ཀ་ལ་ཤངས་པ་བསོད་རིན། སྲད་པ་ཀུན་རིན། ཤེས་རྡོར་རོ། །རབ་གནས་བཟང་དྲུག དུས་མཐའི་ཆོ་ག བསྟོད་པ་ཌཎྜ་ཀ ཀྱཻ་རྡོར་གྱི་བཀྲ་ཤིས་རྣམས་ནི། འཕགས་པ། ཅོག་རོ་སྟོན་གཞོན། ཆོས་བརྩོན། སངས་རྒྱས་རིན་ཆེན། ཤེས་རྡོར་རོ། །འདོད་རྒྱལ་གྱི་སྒྲུབ་ཐབས། རྡོ་རྗེ་མྱུ་གུས་མཛད་པའི་ཊཱིཀྐ་ནི། ས་ཆེན། རྗེ་བཙུན། པཎ་ཆེན། ཁམས་པ་དབོན། སྒ་ལོ། ཨ་ཀ་ར། སངས་རིན། ཤེས་རྡོར་རོ། །ཚོགས་བདག་གི་སྒྲུབ་ཐབས་ཆེ་ཆུང་། རྗེ་བཙུན། པཎ་ཆེན། སྐྱོབས་པ་དཔལ། གཞོན་ནུ་བཀྲ་ཤིས། རྡོ་རྗེ་དཔལ། གོ་རུ་ཤེ་རིན། སངས་རིན་མན་འདྲ། ཀྱཻ་རྡོར་མངོན་རྟོགས་རྒྱས་པ། བླ་མ་དམ་པ། ཤེས་རྡོར་རོ། །གླུའི་བཤད་པ། ཊཱིཀྐ། མངོན་རྟོགས། བསྟོད་པ་སོགས་ནི། དཀར་པོ་རྣམ་གསུམ། ས་པཎ། དམར་ཆོས་རྒྱལ། གཞོན་ནུ་རྒྱལ་མཚན། ཀ་བཅུ་པ་གཞོན་སེང་། ཤེས་རྡོར་རོ། །གཉན་སྒྲོལ་ཡན་ལག་དྲུག་པའི་བརྒྱུད་པ་ནི། ཀླུ་སྒྲུབ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་སྡེ་བ། བི་མ་ལ་གུཔྟ། རིན་ཆེན་རྡོ་རྗེ། རིན་ཆེན་གྲགས་པ། རི་སུལ་གྱི་རྣལ་འབྱོར་མ། གཉན་ལོ། ཁ་འུབ་པ། རྗེ་ས་ཆེན། རྗེ་བཙུན། ཆོས་རྗེ་པ། བྱང་ཆུབ་དཔལ། བདེ་བ་དཔལ། ཀ་བཞི་པ་གྲགས་གཞོན། རིན་ཆེན་བསོད་གྲགས་པ། རིན་པོ་ཆེ་གྲགས་ཚུལ་བ། མཁན་ཆེན་ཤེས་རྡོར་བ་མན་གོང་བཞིན་ནོ།། །།རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ཆུ་ཤེལ་ཁམས། །གདུལ་བྱ་དག་པའི་སྣོད་དུ་ཤར་བ་ལས། །དེང་འདིར་རྗེ་བཙུན་བླ་མ་ས་སྐྱ་པ། །ཀུན་