R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༦༤བ
[A:༦༤བ]དགའ་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ལོ། །ཞེས་པའི་བསྟོད་ཡུལ་དམ་པར་གྱུར་པ་དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོའི་གསུང་འབུམ་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། ཐུབ་པ་དགོངས་གསལ། སྡོམ་གསུམ་རབ་དབྱེ། མཁས་འཇུག ལེགས་བཤད། དགེ་བའི་བཤེས་གཉེན་བློ་གསལ་བ་རྣམས་ལ་དྲི་བའི་ཚུལ་འཕྲོ་ཅན། རོལ་མོའི་བསྟན་བཅོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་ལ་འཕྲིན་དུ་གསོལ་བ། སྐྱེས་བུ་དམ་པའི་འཕྲིན་ཡིག ཡི་གེའི་སྦྱོར་བ། སྒྲ་ལ་འཇུག་པའི་རྣམ་བཤད། ལུང་རིགས་རྣམ་དག་དང་མཐུན་པར་དཔྱད་དགོས་ཚུལ། སྨྲ་སྒོའི་བསྡུས་དོན།
སྒྲའི་གནད་བསྡུས་པ་ཡང་ཟེར།
བྱིས་པ་བདེ་འཇུག་གི་རྣམ་བཤད། སྒྲ་ཉེར་བར་བསྡུ་བ། བདེ་བར་གཤེགས་པའི་ཐུགས་རྗེ་ལ་བསྐུལ་བ། མངོན་བརྗོད་ཀྱི་བསྟན་བཅོས་ཚིག་གི་གཏེར། སྡེབ་སྦྱོར་སྣ་ཚོགས་མུ་ཏིག་གི་ཆུན་པོ། ང་བརྒྱད་མ་རྩ་འགྲེལ། ཚད་མ་རིགས་པའི་གཏེར། དེའི་རང་འགྲེལ། ཆག་ལོའི་དྲིས་ལན། ཞང་ལོ་ལ་གདམས་པ། གློ་བོ་ལོ་ཙཱ་བ་ལ་སྤྲིངས་པ། འཆད་ཁ་ནམ་མཁའ་འབུམ་གྱི་དྲིས་ལན། བཀའ་གདམས་དོ་སྐོར་གྱི་དྲིས་ལན་ཚིགས་བཅད་མ། སྙེ་མོ་སྒོམ་ཆེན་གྱི་དྲིས་ལན། རྟོགས་ལྡན་ཞིག་གི་དྲིས་ལན། ལྟ་བ་སྟོན་པའི་ཚིགས་བཅད་ཀྱི་ཚོགས། ཆོས་སྤྱོད་ཀྱི་ལེའུ། སྒྲུབ་པའི་ལེའུ། འབྲས་བུའི་ལེའུ་སྟེ་ལེའུ་གསུམ་ཚིགས་བཅད་དུ་ཡོད་པ། བསྟན་པ་ལ་དགའ་བའི་ལྷ་རྣམས་ལ་སྤྲིངས་པ། མི་ཉག་གི་ཡུལ་ན་བཞུགས་པའི་མཁན་སློབ་རྣམས་ལ་ཆབ་ཤོག ཉི་མ་འབུམ་ལ་སྤྲིངས་པ། ཞེན་པ་བཞི་བྲལ། ལམ་ཟབ་བླ་མའི་རྣལ་འབྱོར། ཐུབ་པའི་བསྟོད་པ་ཚིགས་