R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༦༥བ
[A:༦༥བ]དད་ཆུ་མ། འཇམ་དབྱངས་ཀྱི་བསྟོད་པ་རྒྱུད་གསུམ་འཁོར་ལོའི་རྣམ་བཤད། རྗེ་བཙུན་གྱི་བསྟོད་པ་ཡོན་ཏན་རྒྱ་མཚོ་མ། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཆེན་མོ། དེའི་ལུང་སྦྱོར་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ། ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་དོན་ཡོད་རྒྱལ་མཚན། སློབ་དཔོན་འདུལ་འཛིན། བྱང་སེང་པ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ། ཡང་ན་འཕགས་པ་རིན་པོ་ཆེ། དགའ་ལྡན་པ་བཀྲ་ཤིས་དཔལ། ཀུན་བསོད། བླ་མ་དཔལ་ལྡན་སེང་གེ བླ་མ་དོན་རྒྱལ་བ། སློབ་དཔོན་འདུལ་འཛིན། བྱང་སེང་པ། ཤར་ཆེན་པ། རྗེ་རྡོ་རྗེ་འཆང་། རྒྱལ་ཚབ་ཀུན་དབང་། ཡོངས་འཛིན། ས་ལོ། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་ཤར་ཁང་པ། རྗེ་ཐར་བརྩེ་བ་ནམ་མཁའ་དཔལ་བཟང་། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་འདྲེན་མཆོག རྗེ་ལྷ་མཆོག་སེང་གེ རྗེ་ཤར་ཁང་པ་མན་འདྲ། ཆོས་རྗེ་པའི་གསུང་རབ་འདི་རྣམས་ཀྱི་ལུང་གནང་དུས་མཁན་ཆེན་ཐམས་ཅད་མཁྱེན་པ་ཉིད་ཀྱི་གསུང་ལས། སྒྲ་ལ་འཇུག་པའི་རྣམ་བཤད་ཀྱི་གཤམ་ན་ཁོ་བོས་སྦྱར་བའི་སྒྲའི་བསྟན་བཅོས་ལས་ཤེས་པར་བྱའོ། །ཞེས་གསུངས་མོད། དེ་ནི་དེང་སང་གྲགས་ཚོད་མི་སྣང་ཞིང་བཀའ་འབུམ་ན་ཡང་མི་བཞུགས་པས་བཙལ་བར་བྱའོ། །པོ་ཏི་ཏ་པའི་མཇུག་ཏུ་ཡན་ལག་བརྒྱད་པའི་སྙིང་པོ། དུག་གཅོད་ཟབ་མོ། གཞུང་ལུགས་ལེགས་བཤད་དང་གསུམ་འདུག་ཀྱང་གསན་ཡིག་ལ་མི་