[A:༦༦ན]སྣང་བས་ལུང་རྒྱུན་ཡང་མི་མཛད། པོ་ཏི་ཏ་པའི་མཇུག་ན་ལམ་སྦས་བཤད་ཀྱི་ཁྲིད་ཡིག་མཛད་བྱང་མེད་པ། སྐྱེས་བུའི་རྣམ་འབྱེད་གཞོན་ནུའི་མགུལ་རྒྱན། རླུང་ལྟས་བརྟག་པ། ཐོད་པ་བརྟག་པ། སྒྲའི་བསྟན་བཅོས་མཁས་པའི་ཁ་རྒྱན། རྨེ་བརྩེགས་ཀྱི་སྒྲུབ་ཐབས་ལས་ཚོགས། ཆོ་གའི་སྡོམ་ཚིག་མཛད་བྱང་མེད་པ། ལམ་ཟབ་གུ་ཤྲཱི་ཇོ་འབུམ་མ། འདོད་རྒྱལ་གྱི་རྗེས་གནང་རྣམས་ཀྱང་གསན་ཡིག་ན་མེད་པས་ལུང་མི་མཛད། འདི་རྣམས་དང་སྔར་སྨོས་པའི་གསུམ་པོ་ཨེ་ཝྃ་གྱི་བཀའ་འབུམ་རྙིང་པ་གཉིས་ནའང་མི་བཞུགས་ཟེར། འབྲི་ཁུང་པ་ལ་ཞུ་ཡིག་དེ་ཡང་གསན་ཡིག་ན་མེད། ཨེ་ཝྃ་གྱི་བཀའ་འབུམ་རྙིང་པ་ན་བཞུགས་པའི་རྣལ་འབྱོར་པ་ཕྲུ་མ་པ་ལ་གདམས་པ། ཕུང་པོ་གསུམ་པ་འདོན་ཐབས། མདོ་སྡུད་པ་འདོན་ཐབས་རྣམས་ཀྱང་གསན་ཡིག་ན་མེད་ཅིང་ལུང་མི་མཛད། དབུས་གཙང་མངའ་རིས་དང་བཅས་པའི་བུ་སློབ་ལ་བཀའ་ཤོག་གནང་བ་དེ་བཀའ་འབུམ་རྙིང་པ་ན་མེད་ཀྱང་གསན་ཡིག་ན་སྣང་ཞིང་ལུང་རྒྱུན་ཡོད། འདི་རྒྱ་ནག་ནས་བོད་སྤྱི་ལ་གནང་བ་ཡིན། འདོན་ཐབས་གཉིས་དང་། གཞོན་ནུའི་མགུལ་རྒྱན་ནི་ས་པཎ་ལ་ཁ་འཕངས་པ་ཡིན། གཞུང་ལུགས་ལེགས་བཤད་དང་གྲུབ་མཐའ་རྣམ་འབྱེད་མི་གཅིག་སྟེ། གྲུབ་མཐའ་རྣམ་འབྱེད་ནི་རིགས་གཏེར་རང་འགྲེལ་དང་མཁས་འཇུག་སོགས་ཀྱི་གོང་དུ་བརྩམས་ཚར་བར་གཞུང་དེ་དང་དེའི་ཚིག་ལས་ཤེས། ཅིག་ཤོས་ནི་ལིང་ཆུ་རྩེར་ཁབ་ཏུ་སྦྱར་གསུངས་པ་ཡོད་པས་གྲུབ་མཐའ་རྣམ་འབྱེད་མིན་པ་དེ་ཀས་ཤེས་ཤིང་དེ་དང་མི་མཐུན་པ་ཡང་མང་དུ་ཡོད་དོ། །འོན་ཀྱང་བདག་ཅག་གི་བླ་མ་