[A:༦༧ན]བཤད་འདུག་ཀྱང་། བཀའ་འབུམ་ནང་ན་སྔར་བྱུང་བའི་བསྟོད་པ་དཔལ་ལྡན་བློ་གྲོས་མ་ལས་གཞན་མི་འདུག་པ་ཅི་ཡིན། ས་པཎ་གྱིས་རི་བོ་རྩེ་ལྔར་འཇམ་དབྱངས་གཙོ་འཁོར་ལྔ་ཞལ་གཟིགས་དུས་སྤྲོས་བྲལ་སྟོང་ཉིད་ནམ་མཁའི་ཁམས་སུ། སིང་ལས་སེང་གེ་སྔོན་པོའི་སྟེང་དུ་ཞེས་སོགས་ཀྱི་བསྟོད་པ་འདི་ལ་ལུང་རྒྱུན་ཡོད་མེད་ཀྱི་རྩད་གཅོད་དགོས་ཤིང་། ཕྱི་ནང་ཀུན་རིག་ཅེས་པའི་ནང་རིག་པའི་ཐད་ཀྱི་འགྲེལ་པར། འདུལ་བ་དང་མངོན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྣམས་ལ་ཡང་ཁོ་བོས་བྱས་པའི་བསྟན་བཅོས་ཡོད་གསུངས་པ་འདུག་པས་དེ་དག་གང་ཡིན་སྙམ་པའི་རྟོག་དཔྱོད་དང་། རྒྱལ་སྲས་ལམ་བཟང་འདི་ཕ་རོལ་ཏུ་ཕྱིན་པའི་བསྟན་བཅོས་ཆེན་པོར་འདུག་མོད། འོན་ཀྱང་ཕྱིས་རྒྱ་ནག་ནས་ཡར་གནང་བ་ཡིན་པས་ང་བརྒྱད་མའི་འགྲེལ་པར་གསུངས་པའི་བསྟན་བཅོས་ཀྱི་ནང་ཚན་དུ་མི་འགྲོ་བ་འདྲ། ཁ་ཅིག་ས་པཎ་གྱིས་མཛད་པའི་ལམ་འབྲས་ཀྱི་ཁྲིད་ཀྱི་དཀར་ཆག་ཡོད་ཀྱང་ཕྱིས་སུ་མཚན་མཐུན་པ་གཞན་ཞིག་གིས་མཛད་དེ་ས་པཎ་ལ་ཁ་འཕངས་པར་ཕལ་ཆེར་མཐུན། རྗེ་རྡོ་རྗེ་འཆང་གི་གསན་ཡིག་ན་ལམ་འབྲས་ཁྲིད་ཀྱི་དཀར་ཆག་ཡོད་ཟེར་བ་དེ་པོ་ཏི་དམར་ཆུང་ན་བཞུགས་པའི་བརྡ་དོན་གསལ་བའི་ཁྲིད་ཐོ་ཡིན་པར་ཤེས་པར་བྱའོ། །འདི་དག་
བླ་མ་མཁས་པའི་གསུང་རྒྱུན་ཐོབ་པ་ལ་བརྟེན་ནས།
རང་བློར་རྟོག་དཔྱོད་ཅི་སྐྱེས་པ། །རང་ཉིད་རང་དང་སྐལ་མཉམ་གཞན་གྱིས་ཀྱང་། །མི་བརྗེད་དྲན་པ་གསོ་བའི་ཡི་གེར་བཀོད། །འཇམ་དབྱངས་དགེས་པའི་མཆོད་སྤྲིན་གསར་པར་འབུལ། ༈ །འཕགས་ཆེན་འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ། །བློ་