R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༧༣ན
[A:༧༣ན]བཀའ་བཅུ་པ། དྲུང་ཆེན་ཀུན་སྤངས་པ། གོ་བོ་སངས་རྒྱས་རྒྱལ་མཚན་རྣམས་ལ་གདམས་པ་རེ་རེ། བདག་ཆེན་བློ་གྲོས་རྒྱལ་མཚན། གླིང་སྨད་པཎྜི་ཏ། ཀརྨ་མི་ཕམ་མགོན། ཆུ་འདུས་མཁས་བཙུན་པ། སློབ་དཔོན་སྦྱིན་བཟང་པ། ཆུམ་བདེ་ཆེན་གྱི་མཁན་པོ་རྣམས་ལ་བསྟོད་པ་རེ་རེ། གསུང་ངག་བརྒྱུད་པའི་བྲིས་སྐུའི་དཀར་ཆག ས་ཆེན་གྱི་བྲིས་སྐུ་ཆེན་མོའི་དཀར་ཆག བདེ་བ་ཅན་གྱི་སྨོན་ལམ། མདོ་ཁམས་སུ་འབུལ་བསྡུད་ཀྱི་ཕྱག་རྟགས། གྱད་གཉེར་སྒེར་གསུམ་ལ་དགེ་བསྐུལ་བཏང་བའི་ཡི་གེ སྡོམ་གསུམ་འཁྲུལ་སྤོང་རྣམས་ཐོབ་པའི་བརྒྱུད་པ་ནི། ཀུན་མཁྱེན་ཆེན་པོ། ཡོངས་འཛིན་དཀོན་མཆོག་འཕེལ། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་ནམ་མཁའ་དཔལ་བཟང་། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ཆོས་ཀྱི་རྗེ་མཁན་ཆེན་ཐམས་ཅད་མཁྱེན་པ་ཉིད་ཀྱི་གསུང་རབ་ཁྱད་པར་ཅན་རྣམས་ཁོ་བོས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་ཤོག་གྲངས་ལྔ་བརྒྱ་རེ་ལ་པོ་ཏི་རེར་བྱས་པ་གླེགས་བམ་བདུན་ཙམ་བྱུང་བའི་ནང་ནས་བདག་ཉིད་ཀྱིས་ལུང་ནོས་པའི་ཆོས་ཀྱི་རྣམ་གྲངས་ལ། འཇམ་དབྱངས་ས་སྐྱ་པཎྜི་ཏའི་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་བྱ་ཚུལ། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཆོ་ག་ཐེག་ཆེན་སྒོ་འབྱེད་རྒྱལ་སྲས་ལམ་གྱི་རྩ་བ། དཔལ་རྡོ་རྗེ་ནག་པོ་ཆེན་པོའི་དབང་གི་ཆོ་ག་བཀླགས་ཆོག་ཏུ་བཀོད་པ། འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔའི་རྗེས་གནང་གོ་བདེ་བཀླགས་ཆོག དཔལ་