R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༧༣བ
[A:༧༣བ]མགོན་ཞལ་གྱི་རྗེས་གནང་གི་ཐོ་ཡིག་མུན་སེལ་སྒྲོན་མེ། ཚེ་དབང་ལྕགས་སྡོང་མའི་ཕྱག་ལེན་འཆི་མེད་བདུད་རྩིའི་བུམ་བཟང་། རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས། རྗེས་གནང་། དཔལ་མགོན་གདོང་གཉན་ཅན་གྱི་རྗེས་གནང་གོ་བདེ་བཀླགས་ཆོག དཔལ་མགོན་བརྩེགས་ཞལ་ཅན་གྱི་རྗེས་གནང་གི་ཕྱག་བཞེས་གསལ་བའི་སྒྲོན་མེ། གཤེད་དམར་སྤྲོས་མེད་ཀྱི་འོད་གསལ་འཆར་བའི་བྱིན་རླབས་ཀྱི་ལག་ལེན་ཁྲིགས་ཆགས་སུ་བཀོད་པ། དཔྱལ་ལུགས་ཀྱི་ཕག་མོ་སྐོར་གསུམ་སོགས་ཀྱི་བྱིན་རླབས་དང་རྗེས་གནང་འགའ་ཡར་གྱི་ཟིན་ཐོ། རྗེ་བཙུན་མ་ཀུ་རུ་ཀུལླེའི་གསང་སྒྲུབ་ལྷ་ལྔའི་བྱིན་རླབས་ཀྱི་ཆོ་ག་གསལ་བའི་སྒྲོན་མེ། དཔལ་འདོད་པའི་རྒྱལ་པོ་གསང་སྔགས་སྒྲའི་རྗེས་གནང་རྒྱས་པ་བཀླགས་ཆོག་ཏུ་བཀོད་པ། དཔལ་ཚོགས་ཀྱི་བདག་པོ་དམར་ཆེན་ཕྱག་བཅུ་གཉིས་པའི་རྗེས་གནང་ཐུན་མོང་མ་ཡིན་པའི་ཕྱག་ལེན་ཁྲིགས་ཆགས་འདོད་དགུའི་དཔག་བསམ། རྗེ་བཙུན་ས་སྐྱ་པའི་གསེར་ཆོས་དཔལ་ཚོགས་ཀྱི་བདག་པོའི་ཁྱད་པར་གྱི་རྗེས་གནང་མ་ནོར་དོན་ཚང་གསལ་བའི་སྒྲོན་མེ། གཉན་ལོ་ཙཱ་བའི་དབང་གི་ལྷ་གསུམ་གྱི་རྗེས་གནང་བཀླགས་ཆོག་གསལ་བའི་སྒྲོན་མེ། རྗེ་བཙུན་ཛམ་ལྷ་དམར་པོ་བརྒྱུད་པ་ལུགས་གཉིས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཕྱག་བཞེས་གསལ་བའི་སྒྲོན་མེ། གསང་ཁྲིད་འཆད་དུས་ཀྱི་མགོན་པོ་ལྷ་དགུའི་རྗེས་གནང་བྱ་ཚུལ། རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་ཆོས་སྐོར་གྱི་ཁོག་ཕུབ་ཀྱི་སྙན་བརྒྱུད་མཛེས་པར་བྱེད་པའི་རྒྱན། ཕྱི་སྲུང་བའི་འཁོར་ལོ་ལ་བརྟེན་ནས་སྒྲུབ་པ་ཕྱིའི་བྲག་རྫོང་མའི་ཁྲིད་ཀྱི་ཡི་གེ་འདོད་དགུའི་དཔལ་སྟེར། ནག་པོ་ཆེན་