R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༧༤བ
[A:༧༤བ]སྟོན་པ་བརྒྱུད་གསུམ་སྙིང་པོའི་ལེགས་བཤད། དཔལ་དགྱེས་པ་རྡོ་རྗེའི་རྒྱུད་གསུམ་དངོས་གཞིའི་བཤད་པ་ཁོག་ཕུབ་གནད་ཀྱི་ལྡེ་མིག འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྣམ་བཤད་ཐེག་པ་ཆེན་པོའི་ཉམས་ལེན་གནད་ཀྱི་སྒྲོན་མེ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ལ་བསྟོད་པ་ཡོན་ཏན་རྒྱ་མཚོ་མའི་ཚིག་དོན་རྣམ་བཤད་ལེགས་བཤད་ནོར་བུའི་ཕྲེང་མཛེས། མཁས་པའི་བྱ་བ་རྣམ་གསུམ་ལས་བརྩམས་ཏེ་བསྟན་བཅོས་ཆེན་པོ་མཁས་པ་འཇུག་སྒོའི་དགོངས་པ་སྤྱིའི་ངག་གིས་སྟོན་པ་ལེགས་བཤད་ནོར་བུའི་ཕྲེང་མཛེས། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་རྣམ་བཤད་ཟླ་འོད་ནོར་བུ། བོད་ཀྱི་མཁས་པ་སྔ་ཕྱི་དག་གི་གྲུབ་མཐའི་ཤན་འབྱེད་མཐའ་དཔྱོད་དང་བཅས་པའི་འབྲེལ་པའི་གཏམ་བསྐྱེལ་དཔྱོད་ལྡན་མཁས་པའི་ལུས་རྒྱན་རིན་ཆེན་མཛེས་པའི་ཕྲ་ཚོམ། དཔལ་ཀྱཻ་རྡོ་རྗེའི་དབང་གི་སྐབས་ལས་བརྩམས་ཏེ་དྲི་བའི་རང་ལན་མཁས་པའི་རྣ་རྒྱན། མཆོག་གི་རྣམ་འདྲེན་འགྱུར་མེད་བདེ་ཆེན་ཞབས་ཀྱིས་ལམ་འབྲས་བུ་དང་བཅས་པའི་གཞུང་ཤིང་ལས་བརྩམས་ཏེ་དྲིས་ལན་གནང་བའི་ཞུས་ལན་དཔྱོད་ལྡན་རྣ་བའི་རྒྱན། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་དཀའ་བའི་གནས་རྣམས་ལས་བརྩམས་ཏེ་དྲིས་པའི་རང་ལན་གཟུར་གནས་དྲང་བའི་གཏམ་བསྐྱེལ་བདུད་རྩིའི་ཐིགས་ཕྲེང་། དཔལ་ཀྱཻ་རྡོ་རྗེའི་མངོན་རྟོགས་ལམ་དུས་བསྡུས་འབྲིང་རྒྱས་གསུམ་གྱི་རྣམ་དབྱེ་བདུད་རྩི་གཏམ་བཟང་སློབ་མ་ལ་ཕན་པ། གསུང་ངག་སྔོན་འགྲོའི་ཁྲིད་རིམ་སྣང་གསུམ་སྙིང་པོའི་ལེགས་བཤད། གསུང་ངག་དངོས་གཞིའི་ཁྲིད་རིམ་རྒྱུད་གསུམ་སྙིང་པོའི་ལེགས་བཤད། གསུང་ངག་རིན་པོ་