R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༧༥ན
[A:༧༥ན]ཆེའི་སྐབས་ཀྱི་སློབ་མ་རྗེས་འཛིན་མཛད་ཚུལ་ཉམས་སུ་བླང་བདེ་བ། ཚར་གསུམ་ཁུག་པའི་བྱིན་རླབས་བྱ་ཚུལ་གསང་ཆེན་ཆོས་ཀྱི་རྔ་ཆེན། རྗེ་བཙུན་རྡོ་རྗེ་བདག་མེད་མའི་བྱིན་རླབས་བྱ་ཚུལ་ལེགས་བྱས་གཏམ་གྱི་བདུད་རྩི། བླ་མ་རིན་འབྱུང་གི་ཉམས་ལེན་བྱིན་རླབས་དང་བཅས་པའི་ཡི་གེ་འདོད་དགུའི་དཔལ་འབྱོར་མ་ལུས་པའི་འབྱུང་གནས་ལེགས་བྱས་ཀྱི་རྔ་བོ་ཆེ། བརྡ་དོན་གསལ་བ་དང་ལམ་སྦས་བཤད། བརྡ་ཆིག་བརྒྱུད། སྒྲུབ་པ་ལུང་སྦྱིན། རྣམ་འཇོམས་བིར་ལུགས། ལམ་ཟབ་ཕྱི་ནང་། བིར་སྲུང་ཕྱི་ནང་རྣམས་ཀྱི་བྱིན་རླབས་བྱ་ཚུལ། དཔལ་འཁོར་ལོ་བདེ་མཆོག་ནག་པོ་སྤྱོད་པའི་ལུགས་ཀྱི་མངོན་རྟོགས་ཉམས་སུ་ལེན་ཚུལ་རྒྱས་འབྲིང་བསྡུས་གསུམ་གྱི་རིམ་པ་གསལ་བ། བདེ་མཆོག་དཀར་པོའི་ཁྲིད་སྔོན་འགྲོའི་བྱིན་རླབས་དང་བཅས་པའི་ཟིན་བྲིས་པད་དཀར་བཞད་པའི་ཕྲེང་བ། དཔལ་འཁོར་ལོ་བདེ་མཆོག་གི་ཆོས་སྐོར་ལས་བརྩམས་ཏེ་དྲིས་པའི་རང་ལན་ལེགས་བཤད་ཀུ་མུ་དའི་ཚལ་རབ་ཏུ་རྒྱས་བྱེད། དཔལ་འཁོར་ལོ་བདེ་མཆོག་དྲིལ་བུ་པའི་རིམ་པ་ལྔའི་ཁྲིད་རིམ་སྔོན་འགྲོའི་བྱིན་རླབས་དང་བཅས་པ། ཤྲཱི་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་འཁོར་ལོ་བདེ་མཆོག་གི་སྐོར་ལ་དྲི་བ་ཞུས་པའི་ལན་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཉིད་ཀྱིས་མཛད་པ། དཔལ་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་དབང་གི་ཆོ་གའི་དཀའ་གནས་ལ་དོགས་སློང་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཁྲིད་རིམ་བླ་མའི་གསུང་འགྲོས་དངོས་གྲུབ་མྱུར་མགྱོགས་ཀྱི་ཕོ་ཉ། རྣལ་འབྱོར་གསང་མཐའི་ལམ་