R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༡ན
[A:༡༡ན]ལ། ཡང་ལུགས་གཅིག་ལ་དུས་ཞབས་པ་ཆེན་པོས་རིགས་ལྡན་བཅུ་བདུན་པ་དཔལ་སྐྱོང་ལ་ཞུས་པར་ཡང་བཞེད་དེ་བརྟག་པར་བྱ་དགོས། དེ་ནས་དུས་ཞབས་པ་ཆུང་བ། ཁ་ཆེ་ཟླ་བ་མགོན་པོ།
རྒྱལ་སྲས་ན་ལེནྡྲ་པ།
བླ་མ་ལྷ་རྗེ།
འབྲོ་ལོ་ཙཱ་བ་ཤེས་རབ་གྲགས།
གྲ་སྒོམ་དཀོན་མཆོག་བསྲུང་། སྒྲོ་སྟོན་གནམ་ལ་བརྩེགས། གྲུབ་ཆེན་ཡུ་མོ་དད་པ་རྒྱལ་པོ། སྲས་དྷརྨཱ་ཤྭ་ར། བླ་མ་ནམ་མཁའ་འོད་ཟེར། སེ་མོ་ཆེ་པ་ནམ་མཁའ་རྒྱལ་མཚན། འཇམ་གསར་ཤེས་རབ་འོད་ཟེར། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། ཆོས་རྗེ་ཡོན་ཏན་རྒྱ་མཚོ། ཇོ་ནང་ཀུན་མཁྱེན་ཆེན་པོ། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། དབོན་རྒྱལ་བ་ཇོ་བཟང་། རིགས་ལྡན་རྣམ་རྒྱལ་གྲགས་པ། ཤང་སྟོན་ཀུན་དགའ་དཔལ་ལྡན། པཎ་ཆེན་ནམ་མཁའ་དཔལ་བཟང་། པཎ་ཆེན་ཤེས་རབ་བཀྲ་ཤིས། རྗེ་བཙུན་བྱམས་པ་ཤཱཀ་འོད། ཐུགས་སྲས་ཆོས་དར་གྲགས་འཕེལ། ལོ་ཆེན་འགྱུར་མེད་བདེ་ཆེན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་དུས་འཁོར་རྭ་ལུགས་ཀྱི་བརྒྱུད་པ་ནི།
ལུགས་འདི་ལ་ཙི་ལུ་པཎྜི་ཏ་དང་། དུས་ཞབས་པ་ཆེན་པོ་སོ་སོར་བཞེད་པར་སྣང་།
ཙི་ལུ་པཎྜི་ཏས་ཤམྦྷ་ལར་བྱོན་ནས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དགེ་སློང་ཞིག་ལ་ཞུས། དེས་བོ་ཏོ་ཨ་ཙརྻ། དུས་ཞབས་པ་ཆུང་བ་མཉྫུ་ཀིརྟི། ས་མནྟ་ཤྲཱི། རྭ་ལོ་ཙཱ་བ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང་། རྗེ་བཙུན་སྒ་ལོ་རྣམ་རྒྱལ་རྡོ་རྗེ། བླ་མ་ཤེས་རབ་སེང་གེ སྐྱི་སྟོན་