[A:༡༠བ]ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་མཁན་ཆེན་ཐམས་ཅད་མཁྱེན་པ་དེ་ཉིད་ཀྱི་དྲུང་དུ། དཔལ་དུས་ཀྱི་འཁོར་ལོའི་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བྱིས་པ་འཇུག་པའི་དབང་བདུན། མཆོག་དབང་གོང་མ་བཞི་དང་བཅས་པ་རྒྱས་པར་ཐོབ་ནས། དེ་དང་འབྲེལ་བའི་ལུང་གི་སྐོར་ལ། དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྒྲུབ་ཐབས་བདག་འཇུག་དང་བཅས་པ་རིགས་ལྡན་རྣམ་རྒྱལ་གྲགས་པས་མཛད་པ། རྗེ་འགྱུར་མེད་བདེ་ཆེན་གྱིས་མཛད་པའི་དུས་འཁོར་གྱི་དབང་གི་བཤད་པ་ཆེན་པོའི་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་འབྲོ་ལུགས་ནི། སྟོན་པ་ཤཱཀྱ་ཐུབ་པ། རྒྱལ་པོ་ཟླ་བ་བཟང་པོ། ལྷའི་དབང་པོ། གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་ཕྱུག སྣ་ཚོགས་གཟུགས། ལྷའི་དབང་ལྡན་ཏེ་ཆོས་རྒྱལ་བདུན། རིགས་ལྡན་གྲགས་པ། པདྨ་དཀར་པོ། བཟང་པོ་རྣམ་རྒྱལ། ཤིན་བཟང་བ། ཕྱག་ན་རིན་ཆེན། ཁྱབ་འཇུག་སྦས་པ། ཉི་མ་གྲགས་པ། ཤིན་ཏུ་བཟང་པོ། རྒྱ་མཚོ་རྣམ་རྒྱལ། རྒྱལ་དཀའ། ཉི་མ་ལ་སོགས་པ་ལ་རིགས་ལྡན་ཉེར་ལྔའི་ནང་ནས་རིགས་ལྡན་བཅུ་གཅིག་པ་རྒྱལ་དཀའ་འདས་པ་ནས། རིགས་ལྡན་བཅུ་གཉིས་པ་ཉི་མ་བྱོན་པའི་དུས་ན། སློབ་དཔོན་ཆེན་པོ་ཙི་ལུ་པཎྜི་དུས་ཞབས་པ་ཆེན་པོ་བྱོན་ནས་དུས་ཀྱི་འཁོར་ལོའི་དབང་། རྒྱུད་འགྲེལ་མན་ངག་མཐའ་དག་ཐོབ་པར་འདོད་ཅིང་། ཡང་ལུགས་གཅིག་ལ་ཙི་ལུ་པཎྜི་ཏས་ཤམྦྷ་ལར་བྱོན་པའི་ཚེ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དགེ་སློང་ཞིག་ལ་ཡང་དབང་རྒྱུད་འགྲེལ་མན་ངག་དང་བཅས་པ་ཐོབ་པར་བཞེད་