[A:༡༢ན]འདུས་པ་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཀུན་མཁྱེན་རིན་པོ་ཆེའི་སྒྲུབ་དཀྱིལ་གྱི་སྟེང་ནས་ཐོབ་པའི་བརྒྱུད་པ་ས་ལུགས་ནི། འཇམ་པའི་རྡོ་རྗེ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད། དཔལ་སྡེ་བ། དྲི་མེད་སྦས་པ། རཏྣ་བཛྲ། རཏྣ་ཀིརྟི། བླ་མ་པཎྜི་བ། གཉན་ལོ། ཁའུ་པ། ས་ཆེན། རྩེ་མོ། རྗེ་བཙུན། ས་པཎ། འཕགས་པ། དམ་པ་ཀུན་དགའ་གྲགས། བཀྲས་དཔལ་བ། དགའ་ལྡན་པ། ཁམས་པ་རྡོར་དཔལ། བླ་མ་གྲགས་པ་དཔལ། གངས་པ་གྲགས་པ་དཔལ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། རྗེ་རྡོ་རྗེ་འཆང་། རྒྱལ་ཚབ་ཀུན་དབང་། ཀུན་མཁྱེན། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཁ་ཆེ་ལུགས་ཀྱི་བརྒྱུད་པ་ནི། ཁ་ཆེ་པཎ་ཆེན། ཁ་ཆེ་ག་ག་དྷ་ར། པཎྜི་ཏ་བི་ན་ཤྲཱི། ཁམས་པ་རྡོར་རྒྱལ་མན་འདྲ། ཁ་རག་གཉོས་ལུགས་ཀྱི་བརྒྱུད་པ་ནི། འཇམ་རྡོར། སངས་རྒྱས་ཡེ་ཤེས། མར་མེ་མཛད་བཟང་པོ། འཇམ་དཔལ་གྲགས་པ། དཔལ་བདེ་བ། དྲི་མེད་སྦས་པ། ཡི་གེའི་རྣལ་འབྱོར་པ། ཀཱ་ཧྞ་པ། ཛྙཱ་ཤྲཱི། བ་ལིཾ་ཨ་ཙརྻ། གཉོས་སྟོན་རྡོ་རྗེ་བླ་མ། གཉོས་སྟོན་གྲགས་པ་དཔལ། ལྷ་ནང་པ། རིན་ཆེན་དོ་པ། རྡོ་རྗེ་ཚུལ་ཁྲིམས། རིན་ཆེན་རྒྱལ་མཚན། དོན་རི་གྲགས་པ་དཔལ། ཀུན་མཁྱེན་གངས་པ་མན་འདྲ། ཡང་ན། གཉོས་སྟོན་རྡོ་རྗེ་བླ་མ། གཉོས་སྟོན་དཔལ་ལེ། གཉོས་སྟོན་གྲགས་པ་