[A:༡༢བ]དཔལ། གཉོས་སྟོན་གཟི་བརྗིད་དཔལ། ཡེ་ཤེས་མཁར། ཆོས་འོད། འཕགས་འོད། ཀུན་མཁྱེན་བུ། ཁྱུང་ལྷས་པ། ཤར་ཆེན་པ་མན་འདྲ། རྭ་ལུགས་ཀྱི་བརྒྱུད་པ་ནི། དྲི་མེད་སྦས་པ་མན་ཆད་གོང་བཞིན་ལས། རིན་ཆེན་རྡོ་རྗེ། རིན་ཆེན་གྲགས། ཀུན་ཏུ་བཟང་པོ། ཡེ་ཤེས་དཔལ་བཤེས་གཉེན། རཏྣ་ཀིརྟི། པུ་ཎྱ་ཤྲཱི། རྭ་རྡོ་རྗེ་གྲགས། རྡོ་རྗེ་སྲ་བརྟན། ལ་སྟོད་དཀོན་མཆོག་མཁར་བ། དབང་ཕྱུག་རིན་ཆེན། ཤཱཀྱ་རྡོ་རྗེ། རོང་པ་ཆོས་མགོན། ལོ་མཆོག དཔལ་ལྡན་སེང་གེ ཀུན་མཁྱེན་བུ་མན་ཆད་འདྲ། ལོ་ཆེན་ལུགས་ཀྱི་བརྒྱུད་པ་ནི། འཇམ་པའི་རྡོ་རྗེ། གཉིས་སྤངས་ཞབས། ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། ཀུན་དགའ་སྙིང་པོ། ཐ་ག་ན། ཤནྟི་པ། ཤདྡྷ་ཀ་ར། པདྨ་ཀ་ར། ལོ་ཆེན་རིན་བཟང་། རྐྱང་པ་ཆོས་བློ། དགེ་བཤེས་སྐྱབས་སེང་། རྡོ་རྗེ་སྲ་བརྟན་མན་ཆད་འདྲ། ༈ །ཡང་དཔལ་གསང་བ་འདུས་པ་སྤྱན་རས་གཟིགས་ལྷ་བཅུ་དགུའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། སྤྱན་རས་གཟིགས། ཇོ་བོ་རྗེ། ལྷ་བཙུན་བྱང་ཆུབ་འོད། རྒྱ་ལྕགས་རི་བ། རྒྱ་སྟོན་ལྕགས་རི་བ། ཤཱཀྱ་གྲགས། སྤེན་ཕུག་པ། དར་ཤཱཀྱ་པ། ཞང་གཡེ་བ། གཟེ་བ་དོན་གྲུབ། བར་ཐང་པ་ཡབ་སྲས། བླ་མ་བསོད་ནམས་དབང་ཕྱུག ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ། ཁྱུང་ལྷས་པ་གཞོན་ནུ་བསོད་ནམས། བླ་མ་བཀྲ་ཤིས་རིན་ཆེན། རྗེ་རྡོ་རྗེ་འཆང་། རྒྱལ་ཚབ་ཀུན་བཟང་བ། ཀུན་མཁྱེན། འཇམ་དབྱངས་སངས་རྒྱས་རིན་ཆེན། རྗེ་དཀོན་མཆོག་རིན་ཆེན་