[A:༡༧ན]ནང་སོགས་ཀྱི་བཀའ། བིར་བསྲུང་གཉིས། རྣམ་འཇོམས་བིར་ལུགས། ལམ་སྦས་བཤད་རྣམས་རིང་བརྒྱུད་ལ་མེད་ཅིང་ཉེ་བརྒྱུད་ཁོ་ནའི་ཆོས་ཡིན་ལ། རྣམ་འཇོམས་བིར་ལུགས་འདི་ཉེ་བརྒྱུད་ཡིན་ཀྱང་ལམ་འབྲས་ཀྱི་བཀའི་ནང་ཚན་དུ་མི་གཏོགས་པར་བླ་མ་གོང་མ་དག་བཞེད་དོ། ༈ །བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། ས་ཆེན་ཡན་ཡབ་བཀའ་དང་འདྲ། དེ་ནས་ནེ་ཙེ་སྦལ་སྟོན། བླ་མ་ཤེས་རབ་གྲགས། གནམ་ས་ར་ཆོས་རྗེ། མངོན་པ་བ་དབང་ཕྱུག་བརྩོན་འགྲུས། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ་བ། ཆོས་རྗེ་བྲག་ཕུག་པ། དེ་ལ་ཆོས་རྗེ་བླ་མ་དང་། རི་ཁྲོད་པ་བློ་བརྟན་གཉིས་ཀྱིས་གསན། དེ་གཉིས་ལ་བླ་མ་དཔལ་ལྡན་ཚུལ་ཁྲིམས་པ། གྲུབ་ཆེན་བུདྡྷ་བ། ངོར་ཆེན་རྡོ་རྗེ་འཆང་མན་གོང་ཡབ་བཀའ་དང་འདྲ། ཡང་ན་མངོན་པ་བ། པཎྜི་ཏ་རྡོར་ཤེ ཞང་དཀོན་མཆོག་དཔལ་མན་འདྲ། ཡང་ན་མངོན་པ་བ། འཕགས་པ་རིན་པོ་ཆེ། སྒང་སྟོན་ཤེས་རབ་འབུམ། དཀར་པོ་བྲག་པ་རིན་ཆེན་སེང་གེ བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི་མན་གོང་དང་འདྲ། ༈ །རྣམ་འཇོམས་བིར་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་རྣམ་འཇོམས། བིརྺ་པ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། སྐྱོ་སྟོན་དྲི་མེད། ཞང་དཀོན་མཆོག་དཔལ། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། ཆོས་རྗེ་བླ་མ་དམ་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས་པ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་མན་གོང་དང་འདྲ། ཡང་ན་རྗེ་