R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༧བ
[A:༡༧བ]བཙུན་རིན་པོ་ཆེ། གན་པ་སྟོན་དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། གན་པ་ཆོས་རིན། གན་པ་རིན་རྒྱལ་མན་འདྲ། ཡང་ན་སྐྱོ་སྟོན་པ། དྷརྨ་ཡེ་ཤེས། བག་སྟོན་པ། བླ་མ་ཚུལ་རྒྱལ་བ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་མན་འདྲ། ༈ །བསྒྲུབ་པ་ལུང་སྦྱིན་གྱི་བརྒྱུད་པ་ནི། ས་སྐྱ་པཎྜི་ཏ། ཚོགས་བསྒོམ་པ། ཉན་ཆེན་པ། བྲག་ཕུག་པ། ཆོས་རྗེ་རྣམ་གཉིས་མན་གོང་གསུང་ངག་དང་འདྲ། ༈ །མན་ངག་གསང་བཅུའི་བརྒྱུད་པ་ནི། འཕགས་པ། ཞང་དཀོན་མཆོག་དཔལ། དགའ་ལྡན་པ་ཀུན་བསོད། བྲག་ཕུག་པ། ཆོས་རྗེ་རྣམ་གཉིས་མན་གོང་དང་འདྲ། ༈ །ཚར་གསུམ་ཁུག་པ་ཡན་ལག་དྲུག་དང་བཅས་པའི་བརྒྱུད་པ་ནི། ཆོས་རྗེ་ས་པཎ། ལུང་ཕུ་བ། བཀྲས་ལུང་པ། མཁས་གྲུབ་ཆོས་རྗེ། ཞང་བྱང་ཤེ འགྲོ་མགོན་བསོད་རྒྱལ། བླ་མ་དཔལ་ལྡན་ཚུལ་ཁྲིམས་པ་མན་གོང་དང་འདྲ། ༈ །ཚོགས་བསྒོམ་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་བློ་བརྟན། བླ་མ་དམ་པ། དཔལ་ལྡན་ཚུལ་ཁྲིམས་པ་རྣམས་ཀྱི་རྣམ་ཐར། ༈ །ལུས་སྦྱོང་ཉི་ཤུ་པ། ཉམས་ཆེན་མོ། ཆུང་བ། གེགས་སེལ་གཅེས་བསྡུས། གསང་བདུན་མ། གེགས་སེལ་བཀའ་རྒྱ་མ། གླེང་གཞི་མ། བརྡ་ཆིག་བརྒྱུད། དབང་གི་རབ་དབྱེ། གསང་དབང་གི་རབ་དབྱེ་བི་རུ་པས་མཛད་པ། ཕྱི་ནང་གསང་གསུམ་གྱི་མཎྜལ། རྟེན་འབྲེལ་ལྔའི་ཡི་གེ ཕྱག་རྒྱ་ཆེན་པོའི་དབྱེ་བ་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། ཆོས་རྗེ་རྣམ་གཉིས། དཔལ་ལྡན་ཚུལ་ཁྲིམས་པ་མན་འདྲ། ༈ །