[A:༡༩བ]གེ བུ་སྟོན་རིན་པོ་ཆེ། ཆོས་རྗེ་བླ་མ་དམ་པ། ཐེག་ཆེན་ཆོས་རྒྱལ། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་ཀླུ་སྒྲུབ་རྒྱ་མཚོ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་བླ་མ་དམ་པ་ནས། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། སེམས་དཔའ་ཆེན་པོ། བདག་ཆེན་རྡོ་རྗེ་འཆང་མན་འདྲ། བདུད་རྩི་བྱིན་རླབས་དང་། རྡོ་རྗེའི་ཚིག་རྐང་གི་ལུང་གི་བརྒྱུད་པ་ནི། གཤིན་རྗེ་གཤེད། བི་རུ་པ། མ་ཏཾ་གི་པ། བྲམ་ཟེ་དཔལ་འཛིན། ལ་ལི་ཏ་བཛྲ། ཤནྟི་རཀྵི་ཏ། དྷརྨཱ་བཛྲ། དར་པཎ་ཨ་ཙརྻ། གློ་བོ་ལོ་ཙཱ་བ་མན་འདྲ། ༈ །ཡང་རྗེ་བཙུན་མཁས་པའི་དབང་པོ་དེ་ཉིད་ཀྱི་དྲུང་དུ། གུར་རིགས་བསྡུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བི་རུ་པ། ཌོམྦྷི་ཧེ་རུ་ཀ ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ། བསོད་སྙོམས་པ་ཛ་ཡ་ཤྲཱི། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། འབྲོག་མི་ཤཱཀྱ་ཡེ་ཤེས། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ། ས་སྐྱ་པ་ཆེན་པོ། ནེ་ཙེ་སྦལ་སྟོན། རྟ་སྟག་སོ་བ་རིན་ཆེན་དོན་འགྲུབ། གན་པ་སྟོན་དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། གན་པ་རིན་རྒྱལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས་པ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། ཁ་ཆར་བ་བསོད་ནམས་རྒྱལ་