[A:༢༠ན]མཚན། ཀུན་མཁྱེན་བསོད་ནམས་སེང་གེ ཡོངས་འཛིན་དཀོན་མཆོག་འཕེལ་བ། རྗེ་ལྷ་མཆོག་སེང་གེ རྗེ་སངས་རྒྱས་སེང་གེ རྗེ་ཀུན་དགའ་མཆོག་ལྡན། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །སམྦྷུ་ཊི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བི་རུ་པ། ཌོམྦྷི་ཧེ་རུ་ཀ ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ། བསོད་སྙོམས་པ། རྒྱལ་བ་དཔལ། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། འབྲོག་མི་ལོ་ཙཱ་བ། མངའ་རིས་པ་གསལ་བའི་སྙིང་པོ། སྒྱི་ཆུ་བ་དགྲ་ལྷ་འབར། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎ། ཚོགས་བསྒོམ་པ། གཉག་སྙིང་པོ་རྒྱལ་མཚན། ཞང་བཀྲ་ཤིས་དཔལ། སྤངས་སྒང་པ་གྲགས་པ་དཔལ། པཎ་ཆེན་མ་ཏི། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། ཀུན་མཁྱེན་བསོད་ནམས། འཇམ་དབྱངས་སངས་རྒྱས་རིན་ཆེན། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རྗེ་ཀུན་དགའ་མཆོག་ལྡན། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་རྗེ་བཙུན་ཐམས་ཅད་མཁྱེན་པ་དེ་ཉིད་ཀྱི་དྲུང་དུ། དགྱེས་པ་རྡོ་རྗེ་རྒྱུད་གསུམ་གྱི་བཤད་བཀའ་ཐོབ་པ་ལ། རྩ་བའི་རྒྱུད་བརྟག་པ་གཉིས་པ། ཐུན་མོང་མ་ཡིན་པའི་བཤད་རྒྱུད་རྡོ་རྗེ་གུར། རྒྱུད་སྡེ་གཞན་དང་ཐུན་མོང་གི་