R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡བ
[A:༡བ] རྒྱ་གར་སྐད་དུ། སརྦ་བི་ཛྙཱ་ན་ལོ་ཀ་ཙཀྵུ་བྷཊྚ་ར་ཀ་མ་ཧོ་པཱ་དྷྱ་རཏྣ་ཝ་གེ་ཤྭ་ར་དྷརྨ་ཀིརྟི་པཱ་དེ་པདྨོ་མུ་ལཾ་པྲ་ཎ་མྱ། བོད་སྐད་དུ། ཐམས་ཅད་རྣམ་པར་མཁྱེན་པའི་འཇིག་རྟེན་གྱི་མིག་རྗེ་བཙུན་མཁན་ཆེན་རིན་པོ་ཆེ་ངག་དབང་ཆོས་གྲགས་ཞབས་ཀྱི་པདྨོའི་དྲུང་དུ་རབ་ཏུ་འདུད་དོ། །མདོ་རྒྱུད་མན་ངག་རིག་གནས་ཀྱིས་བསྡུས་པའི། །ཤེས་བྱ་མ་ལུས་གཟིགས་པའི་ཐམས་ཅད་མཁྱེན། །ཕྱི་རབས་བསྟན་འཛིན་ཀུན་གྱི་རྒྱན་གཅིག་པོ། །ངག་དབང་ཆོས་གྲགས་དྲན་ནོ་བརྩེ་བས་སྐྱོངས། །ཞེས་པའི་བསྟོད་ཡུལ་དམ་པར་གྱུར་པ་མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་ཚད་མེད་པའི་མངའ་བདག་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་སྔོན་གྱི་སྐྱེས་ཆེན་རྣམས་དང་དབྱེར་མེད་ངེས་པའི་འགྲན་བྲལ་གྱི་ཡོངས་འཛིན་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱི་དྲུང་དུ་དམ་པའི་ཆོས་ཀྱི་