[A:༢ན]བཀའ་དྲིན་ནོས་པའི་ཚུལ་ནི། ཐོག་མར། ༈ །ཚེ་དཔག་མེད་གྲུབ་ཆེན་ཛེ་ཏཱ་རི་ལུགས་ཀྱི་དབང་བསྐུར་བ་ལན་གྲངས་མང་དུ་ཐོབ་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། སློབ་དཔོན་དགྲ་ལས་རྣམ་རྒྱལ། སློབ་དཔོན་བྱང་ཆུབ་བཟང་པོ། ཏིང་འཛིན་བཟང་པོ། བླ་མ་རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ་བ། བྲག་ཕུག་པ་བསོད་ནམས་དཔལ་བ། བྲག་ཕུག་པ་བློ་གྲོས་བརྟན་པ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་པ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་