R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༢ན
[A:༢༢ན]དབང་། རོང་པ་ཤེས་སེང་། བླ་མ་གཞོན་ཚུལ་བ། མགོན་པོ་འབུམ། ནམ་མཁའ་རྒྱལ་མཚན། ས་བཟང་པཎ་ཆེན། ས་བཟང་འཕགས་པ། བླ་མ་རྡོ་རྗེ་འཆང་། ཀུན་དབང་པ། འདྲེན་མཆོག་དཀོན་མཆོག་འཕེལ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རྗེ་ཀུན་དགའ་མཆོག་ལྡན། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ཆོས་ཀྱི་རྗེ་དེ་ཉིད་ཀྱི་དྲུང་དུ། པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པའི་བདེ་མཆོག་ལྷན་སྐྱེས་དཀར་པོའི་བྱིན་རླབས་སྔོན་དུ་འགྲོ་བའི་སྒོ་ནས་ཁྲིད་ཟབ་མོ་ཉམས་ཁྲིད་དུ་སྩལ་ནས། དེའི་རྒྱབ་ཆོས་ཀྱི་ལུང་གི་སྐོར་ལ་དཔྱལ་ཨ་མོ་གྷས་མཛད་པའི་ཁྲིད་ཡིག རྗེ་རྡོ་རྗེ་འཆང་གིས་མཛད་པའི་སྒྲུབ་ཐབས་དང་བྱིན་རླབས་ཀྱི་ཡི་གེ གཞན་ཁྲིད་ཀྱི་ཡིག་རྙིང་ཆུང་ཆུང་གཉིས། འཇམ་དབྱངས་སངས་རིན་གྱིས་མཛད་པའི་བདེ་མཆོག་དཀར་པོའི་ཚེ་ཁྲིད། ས་ལོས་མཛད་པའི་བདེ་མཆོག་དཀར་པོའི་ཁྲིད་ཀྱི་ཉམས་ལེན་གྱི་ཡི་གེ་རྣམས་ཀྱི་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། འཁོར་ལོ་བདེ་མཆོག པཎ་ཆེན་ཤཱཀྱ་ཤྲཱི། ས་སྐྱ་པཎ་ཆེན། གཡག་སྡེ་ལོ་ཙཱ་བ། མངའ་རིས་སངས་རྒྱས་ཡེ་ཤེས། རིན་པོ་ཆེ་བསོད་ནམས་གྲགས།
བརྒྱུད་ཡིག་གཞན་མར་མི་སྣང་ཡང་། འདིར་བླ་མ་དམ་པ་དང་མཁན་ཆེན་ཤེས་རྡོར་བ་གང་རུང་ཞིག་དགོས་པར་སྣང་།
རིན་ཆེན་གྲགས་ཚུལ་བ། མཁས་བཙུན་བྱང་ཆུབ་སེང་གེ ས་བཟང་འཕགས་པ། རྗེ་ཀུན་བཟང་། རྒྱལ་ཚབ་ཀུན་དབང་། མཁས་གྲུབ་དཔལ་རྡོར་བ། དེ་གཉིས་ཀ་ལས་འདྲེན་མཆོག ས་ལོ་འཇམ་པའི་རྡོ་