[A:༢༡བ]རྣམས་ཐོས་སོ། །རྩ་རྒྱུད་རྐྱང་པ་འཕགས་མཆན་འཕགས་པའི་ས་བཅད་དང་བཅས་པའི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ་ནས། འཇམ་སྐྱ་ནམ་མཁའ་དཔལ་བཟང་པོ། བླ་མ་དཔལ་ལྡན་སེང་གེ ཆོས་རྗེ་བསོད་ནམས་རྒྱལ་མཚན་མན་གོང་བཞིན་ནོ། །རྒྱུད་གསུམ་མན་ངག་ལུགས་ཀྱི་བཤད་སྲོལ་གྱི་རིང་བརྒྱུད་ནི། རྡོ་རྗེ་འཆང་། བདག་མེད་མ། བིརྺ་པ། ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྷུ་ཏི་པ། ག་ཡ་དྷ་ར། འབྲོག་མི། དེ་ལ་སློབ་མའི་མཆོག་བཞི་ལས། འདིར་སེ་མཁར་ཆུང་བ། དེ་ནས་ཞང་དགོན་པ་བ། རྗེ་ས་ཆེན་མན་སྔར་དང་འདྲའོ། །ཉེ་བརྒྱུད་ནི། བླ་མེད་ཕྱོགས་ནི་རིས་བསྒྱུར་མིག་བཅས་པ། །རིག་བྱེད་ཀྱིས་གསལ་ལག་པས་མེ་ལ་བགོས། །དེ་འོད་ཀུན་གསལ་ཆུ་གཏེར་འབྱུང་བར་བབས། །བློ་ལྡན་དོན་འདི་ཤེས་ན་སྨྲ་བར་གྱིས། །ཞེས་པ་ལྟར་རོ། །ཡང་ན། རྡོ་རྗེ་འཆང་ཀུན་བཟང་། གུ་གེ་པཎྜི་ཏ། མཁན་ཆེན་ལེགས་འབྱུང་། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རྗེ་ཀུན་དགའ་མཆོག་ལྡན། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཚེ་དཔག་ཏུ་མེད་པའི་མདོ་པཎྜི་ཏ་པུ་ཎྱ་སམྦྷ་ཝ་དང་། པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་པ། བླ་མ་ལེགས་རིན་པའི་ཊིཀ་ཆུང་གི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་ཤཱཀྱ་ཐུབ་པ། ཕྱག་ན་རྡོ་རྗེ། ཛཻ་ཏ་རི། དོན་ཡོད་རྡོ་རྗེ་མཆེད། བ་རི་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། རྒྱལ་ཚབ་ཆོས་