R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༣བ
[A:༢༣བ]སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། ཀུན་མཁྱེན་ཤེས་རབ་དཔལ་བཟང་། ཆོས་རྗེ་དགེ་བ་རྒྱལ་མཚན། མཚུངས་མེད་ཤེས་རབ་ཟླ་བ། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་པའི་དབྱངས་མཁྱེན་བརྩེ་དབང་ཕྱུག རྗེ་བཙུན་མཐུ་སྟོབས་ཀྱི་དབང་ཕྱུག་བསོད་ནམས་ཆོས་འཕེལ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་འཕགས་འོད་ཡོན་ཏན་རྒྱ་མཚོ། ཆོས་རྗེ་གྲགས་པ་དཔལ། ཀུན་མཁྱེན་གངས་ཁྲོད་པ། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ཆོས་རྗེ་རྡོ་རྗེ་འཆང་ཆེན་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། ཆོས་རྗེ་ནམ་མཁའ་བརྟན་པ། རྗེ་བཙུན་རྡོ་རྗེ་འཆང་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་མན་འདྲ། ཡང་ན་བླ་མ་དབང་ཕྱུག་གྲགས། ལྡོང་སྟོན་ཤེས་རབ་དཔལ། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཤར་གླིང་པ་རྒྱལ་མཚན་བཟང་པོ། སྒོ་རུམ་པ་དཀོན་མཆོག་རྒྱལ་མཚན། བླ་མ་ཚུལ་ཁྲིམས་རྒྱལ་མཚན། ཆོས་རྗེ་བསོད་ནམས་རྒྱལ་མཚན། མཁན་ཆེན་སེང་གེ་དཔལ་བ། བྲག་ཐོག་པ་བསོད་ནམས་བཟང་པོ། སྔགས་འཆང་འཇིགས་མེད་དཔའ་བོ། བླ་མ་བསོད་ནམས་མཆོག་ལྡན། དྲིན་ཅན་ཚེ་དབང་བཀྲ་ཤིས། ཚར་ཆེན་ཆོས་ཀྱི་རྒྱལ་པོ་མན་འདྲ། ༈ །ལས་གཤིན་ལྷ་བཅུ་གསུམ་མའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། བརྩེ་ཆེན་པ་ཀུན་བློ། མཁན་ཆེན་སེང་གེ་དཔལ་བ། བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་མན་