R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༤ན
[A:༢༤ན]འདྲ། ༈ །འཇིགས་བྱེད་སྔགས་བཏུའི་བྱིན་རླབས་ཐོབ་པའི་བརྒྱུད་པ་ནི། རྭ་ཤར་པ་ལྟར་ན། རྭ་ཆོས་རབ་ཡན་དབང་གི་བརྒྱུད་པ་བཞིན། དེ་ནས་དྷརྨཱ་སེང་གེ རྭ་ཤེས་རབ་རྒྱལ་མཚན། རྒྱ་སྟོན་དབང་ཕྱུག་རྒྱལ་མཚན། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། ཁམས་པ་ཡོན་ཏན་འབུམ། བསམ་ཡས་མཆོད་རྟེན་དཀར་པོ་སངས་རྒྱས་སྐྱབས། ལྷ་རིན་པོ་ཆེ་བསོད་ནམས་རིན་ཆེན། མཁན་ཆེན་ནམ་མཁའ་ལྷུན་བཟང་། བྲག་ཐོག་པ་དཔལ་འཛིན་བཟང་པོ། ཐམས་ཅད་མཁྱེན་པ་མན་འདྲ། ༈ །ཤིན་ཏུ་ཟབ་པ་གཞན་ལས་ཁྱད་པར་འཕགས་པ་སྐུ་གསུམ་གསལ་བྱེད་རྡོ་རྗེའི་ཚིག་རྐང་ལ་བརྟེན་པའི་བསྐྱེད་རྫོགས་ཀྱི་གདམས་པ་རྭ་ཁྲིད་མཁའ་འགྲོ་སྙན་བརྒྱུད་མྱོང་ཁྲིད་དུ་ལེགས་པར་ཐོབ་ནས། དེའི་རྒྱབ་ཆོས་ལུང་གི་སྐོར་ལ། ཤིས་བརྗོད་སྤྲིན་གྱི་རྔ་དབྱངས། བརྒྱུད་པ་གསུམ་འདུས་ཀྱི་རྭ་ལུགས་ཀྱི་དབང་གི་བརྒྱུད་འདེབས། ལམ་གྱི་རིམ་པ་དང་སྦྱར་བའི་སྨོན་ལམ། ལམ་བཟང་གྲུབ་པའི་དགའ་སྟོན། སྒྲུབ་ཐབས་བདུད་ལས་རྣམ་པར་རྒྱལ་བའི་བཞད་སྒྲ། མངོན་དཀྱིལ་གྱི་ལྷན་ཐབས། ཞལ་གཅིག་ཕྱག་གཉིས་པའི་མངོན་རྟོགས་རྣམས་ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པ། འཇམ་པའི་དབྱངས་མཁྱེན་བརྩེ་དབང་ཕྱུག་གིས་མཛད་པའི་ཁྲིད་ཀྱི་བརྒྱུད་འདེབས་ལམ་རིམ་པ་དང་བཅས་པ། དེ་ཉིད་ཀྱིས་མཛད་པའི་ཤིས་བརྗོད། རྗེ་བསོད་ནམས་ཆོས་འཕེལ་གྱིས་མཛད་པའི་དབང་བཤད་མཐོང་བ་དོན་ལྡན། ཞི་བའི་སྦྱིན་སྲེག་མི་མཐུན་ཀུན་སེལ། དྲུག་ཅུ་པའི་གཏོར་བཟློག་གི་ཆོ་ག་རྣམས་དང་། རྭ་པོད་ནས་ལུང་ཐོས་པའི་ཆོས་ཀྱི་རྣམ་གྲངས་