R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༦བ
[A:༢༦བ]ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ལས་གཤིན་དཔའ་གཅིག་གི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། འཇིགས་བྱེད་བཅུ་གསུམ་མའི་དབང་གི་བརྒྱུད་པ། རྗེ་རྡོ་རིང་པ་ནས་བརྒྱུད་པའི་ལུགས་དང་འདྲ་ལ། ༈ །ལས་གཤིན་དམར་པོ་ཁྲག་མདོག་ཡབ་ཡུམ་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྭ་འབུམ་སེང་ཡན་དབང་བཞི་ལས། རྭ་དྷརྨཱ་སེང་གེ རྭ་དཀོན་མཆོག་སེང་གེ རྭ་ཤེས་རབ། རྒྱ་སྟོན། དབང་ཕྱུག་རྒྱལ་མཚན། ཀུན་དགའ་བརྩོན་འགྲུས། མཁན་ཆེན་དང་མ་བ། ཐོག་སྟོན་ཤེས་རབ་རྡོ་རྗེ། རིན་ཆེན་ཤེས་རབ་གྲགས། ལུང་པ་དཀོན་མཆོག་རྡོ་རྗེ། ཁྲོཾ་ཡོན་པ་ལྷུན་བཟང་། བྲག་ཐོག་པ་དཔལ་འཛིན་བཟང་པོ། གོང་དཀར་རྡོ་རྗེ་གདན་པ། ཐུགས་སྲས་ཀུན་དགའ་རྒྱལ་པོ། དྲིན་ཅན་ཚེ་དབང་བཀྲ་ཤིས། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག རྗེ་བསོད་ནམས་ཆོས་འཕེལ། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ལས་གཤིན་དམར་པོ་བསེ་བྱ་བཞི་སྐོར་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། མཁན་ཆེན་དྭངས་མ་ཡན་འདྲ། དེས་ནས་རིམ་བཞིན་བརྒྱུད་དེ། མཁྱེན་རབ་རྗེ། རྡོ་རིང་པ་ཆེན་པོ། ཚར་ཆེན་མན་གོང་བཞིན། ༈ །ཞྭ་ལུའི་ཆོས་བདག་རྡོ་རྗེ་རབ་བརྟན་པའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། སློབ་དཔོན་པདྨ། ལོ་སྟོན་རྡོ་རྗེ་དབང་ཕྱུག ལྕེ་བཙུན་ཤེས་རབ་སེང་གེ ལྕེ་བཙུན་ཡེ་ཤེས་དབང་ཕྱུག ལྕེ་འབུམ་མེ། ལྕེ་འབུམ་