R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༦ན
[A:༢༦ན]འཁོར་ལོའི་མན་ངག་བླ་མ་རྭ་ལོས་རྒྱ་བསྒོམ་རས་པ་ལ་གནང་བ། ལས་ཀྱི་གཤིན་རྗེའི་ཕུར་པ་ཨ་ཆུང་གི་མན་ངག དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རླུང་འཁོར་གྱི་མན་ངག་བླ་མ་བྷ་རོས་རྭ་ལོ་ལ་གནང་བ། འཇིགས་བྱེད་མན་ངག་རྒྱལ་སེན་བསྲུང་བ་འཁོར་ལོ་དགུ་པ་ཞེས་བྱ་བ། འཇིགས་བྱེད་དམར་པོའི་མདའ་གཞུ་འགེངས་པའི་དབང་བསྡུད། དྲག་པོ་མདའ་གཞུ་འགེངས་པའི་དུག་སྔགས། ལས་ཀྱི་གཤིན་རྗེའི་ལས་སྦྱོར་གྱི་ཡིག་ཆུང་རྭ་ལོས་མཛད་པ། ལས་གཤིན་གྱི་བསྐུལ་གྱི་རིམ་པ་སློབ་དཔོན་མི་བསྐྱོད་རྡོ་རྗེས་མཛད་པ། ཡང་དྲེགས་པ་སྡེ་བརྒྱད་ཀྱི་བསྐུལ། ཧ་ལ་ནག་པོའི་ཤོག་རིལ་གསུམ་གྱི་འགྲེལ་པ། དེའི་ལག་ལེན་གྱི་ཡི་གེ་གཉིས་རྒྱ་སྟོན་གྱིས་མཛད་པ། རྒྱ་གར་གྱི་སློབ་དཔོན་མི་བསྐྱོད་པས་མཛད་པའི་རྟོག་བདུན་གྱི་དཀའ་འགྲེལ། རྒྱ་སྟོན་གྱིས་མཛད་པའི་ལས་བཞིའི་སྦྱིན་སྲེག་རྣམས་ཐོབ། ཁྲིད་དང་ལུང་དེ་དག་གི་བརྒྱུད་པ་ནི། གར་དབང་རྡོ་རྗེ་འཆང་། རྡོ་རྗེ་བཻ་ཏ་ལི། གྲུབ་ཆེན་ལ་ལི་ཏ་བཛྲ། སློབ་དཔོན་ཨ་མོ་གྷ། པཎ་གྲུབ་ཡེ་འབྱུང་སྦས་པ། པདྨ་བཛྲ། དི་པཾ་ཀ་ར་རཀྵི་ཏ། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་བན་ཡེ་ཤེས་སེང་གེ རྭ་བན་འབུམ་སེང་། རྭ་དྷརྨཱ་སེང་གེ དཀོན་མཆོག་སེང་གེ ཤེས་རབ་རྒྱལ་མཚན། དབང་ཕྱུག་བརྩོན་འགྲུས། ཀུན་དགའ་བརྩོན་འགྲུས། བརྩོན་འགྲུས་བྱང་ཆུབ། ཀུན་དགའ་རྒྱ་མཚོ། ཡོན་ཏན་ཆོས་རིན། ཆོས་སྐྱོང་རྒྱལ་མཚན། མདོ་ཁམས་པ་ཡོན་ཏན་རྒྱ་མཚོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། རྗེ་མཁྱེན་བརྩེ་དབང་ཕྱུག རྗེ་བསོད་ནམས་ཆོས་འཕེལ། མཁན་ཆེན་ཐམས་