R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༨བ
[A:༢༨བ]པ། ཡང་ཚར་པའི་གསུང་ལ་མཁྱེན་བརྩེས་ཟིན་བྲིས་བཏབ་པ་ནཻ་དགུའི་ཁྲིད་ཀྱི་དབུ་ཕྱོགས་དང་། ཕྱག་ཆེན་གའུ་མའི་ཁྲིད། བརྒྱུད་པའི་གསོལ་འདེབས་རྣམས་ཀྱི་ལུང་རྣམས་ནོས་ཤིང་། དབང་བྱིན་རླབས་ཀྱི་སྐོར་ལ། ཐོག་མར་འཇུག་སྒོ་ཀུན་འབྱུང་གི་སྟེང་ནས་སྒྱུ་ལུས་དབང་མོ་ཆེ་སྔོན་དུ་འགྲོ་བའི་སྒོ་ནས། བདེ་མཆོག་ལྷ་ལྔའི་བྱིན་རླབས་ལུས་བསྒྲིགས་ཏེ་ཁོག་ཕུབ་ཀྱི་བཀའ་གཉིས། གདམས་ངག་དབང་དང་འབྲེལ་བ་ཆོས་དྲུག་པོའི་བཀའ་སྟེ་གཞུང་ཤིང་གི་བཀའ་བརྒྱད། ཕྱག་ཆེན་གའུ་མ། ལམ་ཁྱེར་གསུམ། ལུས་སེམས་འཆི་མེད་བཀའ་སྟེ་ཕྱག་ཆེན་བཀའ་ལྔ། མཁའ་སྤྱོད་དཀར་དམར། མཁའ་སྤྱོད་གསུམ་འཁྲུགས་ཏེ་མཁའ་སྤྱོད་ཀྱི་བཀའ་གསུམ། བདེ་མཆོག་གསང་སྒྲུབ། རྣམ་འཇོམས་གསང་སྒྲུབ། ཕྱག་རྡོར་ཛ་ལི་མ་སྟེ་གསང་སྒྲུབ་བཀའ་གསུམ། ཐུགས་རྗེ་ཆེན་པོའི་རིགས་གཏད་དཀར་དམར། གཞན་ཡང་ལྷ་བཞི་དྲིལ་སྒྲུབ་ཀྱི་བཀའ། རྟ་མགྲིན་གསུང་སྒྲུབ་ཀྱི་བཀའ། ཕྱག་དྲུག་ཡེ་ཤེས་མགོན་པོའི་རྗེས་གནང་གཏོར་དབང་དང་བཅས་པ། སུ་ཀ་ཆོས་དྲུག་གི་བྱིན་རླབས་རྣམས་སྨིན་རྒྱས་སུ་སྩལ་ནས། ཁྲིད་ཀྱི་སྐོར་ལ། ཕྱག་རྒྱ་ཆེན་པོ། ཆོས་དྲུག ལུས་སེམས་འཆི་མེད་ཀྱི་ཁྲིད་རྣམས་རིམ་པ་བཞིན་ཉམས་སྐྱེ་ཁྲིད་ཀྱི་ཚུལ་དུ་ཡིད་ཆེས་ཤིང་ཐེ་ཚོམ་དང་བྲལ་བར་ནོས་ནས། དེ་དག་གི་རྒྱབ་རྟེན་གྱི་ལུང་གི་ཆོས་སྐོར་ལ། བདེ་མཆོག་ལྷ་ལྔའི་དཀྱིལ་ཆོག སྒྲུབ་ཐབས། མཆོད་ཕྲེང་རྣམས་མཁས་བཙུན་པས་མཛད་པ། ཁྱུང་པོའི་གནད་དྲུག ཕྱག་ཆེན་གའུམ་མའི་རྡོ་རྗེ་ཚིག་རྐང་། ཚིག་གསལ། ཁྲིད་ཡིག་མཁས་བཙུན་པས་མཛད་པ། ཆོས་དྲུག་རྡོ་རྗེའི་