[A:༢༩བ]པ། སྒྱུ་ལུས་དབང་མོ་ཆེའི་ཆོ་ག ཆོས་དྲུག་སོ་སོའི་དབང་ཆོག་ཁྱུང་པོས་མཛད་པ། འཇུག་སྒོ་ཡོན་ཏན་ཀུན་འབྱུང་གངས་ཁྲོད་པས་མཛད་པ། བླ་མའི་དབང་བཞི། དེའི་སྒྲུབ་ཐབས། སྨོན་ལམ་བཀའ་རྒྱ་མ། སྒྱུ་མ་ལམ་རིམ་རྩ་འགྲེལ་ནཻ་གུ་མས་མཛད་པ། དེའི་ས་བཅད་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། ཡེ་ཤེས་མཁའ་འགྲོ་མ་ནཻ་གུ་མ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྨོག་ཅོག་པ་རིན་ཆེན་བརྩོན་འགྲུས། དབོན་སྟོན་སྐྱེར་ཁང་པ། གཉན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། མཁས་གྲུབ་གཙང་པ་ཤངས་སྟོན། མཁས་བཙུན་རྒྱལ་མཚན་འབུམ་པ། འཇག་ཆེན་བྱམས་པ་དཔལ་བཟང་། འཇམ་དབྱངས་བློ་གྲོས་དཔལ་བཟང་། འཇག་ཆེན་ཀུན་དགའ་དཔལ་བཟང་། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། དྲིན་ཅན་མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རིང་པ་ཆེན་པོ། མཁན་ཆེན་ཐམས་ཅད་མཁྱེན་པ་ཚར་པ་ཆོས་རྗེ། འཇམ་པའི་དབྱངས་མཁྱེན་བརྩེ་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། གསང་ཆེན་གདམས་པའི་མངའ་བདག་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་འཇག་ཆེན་ཀུན་དགའ་དཔལ་བཟང་། ཕ་རྒོད་བསོད་ནམས་བཟང་པོ། རྗེ་བཙུན་རྡོ་རིང་པ་མན་འདྲ། ཡང་ཁོག་ཕུབ་བཀའ་གཉིས། གཞུང་ཤིང་བཀའ་བརྒྱད། ཕྱག་ཆེན་བཀའ་ལྔ། མཁའ་སྤྱོད་དཀར་དམར། ལུས་འཆི་མེད་རིགས་གཏད་དཀར་དམར་རྣམས་དང་། མུས་ཆེན་པའི་ཁྲིད་སོགས་ཆོས་སྣ་ཁ་གསལ་རྣམས་ཀྱི་ལུང་། ཁྲིད་སོ་སོ་དང་བཅས་པའི་བརྒྱུད་པ་