[A:༣༠ན]ནི། ཤངས་སྟོན་པ་ཡན་འདྲ་བ་ལས། མུས་ཆེན་རྒྱལ་མཚན་དཔལ་བཟང་། བླ་མ་རྡོ་རྗེ་གཞོན་ནུ། དེ་གཉིས་ལ་མུས་ཆེན་ནམ་མཁའི་རྣལ་འབྱོར་པ་ནམ་མཁའ་རྒྱལ་མཚན། མུས་ཆེན་འཁོར་ལོ་སྡོམ་པ། ཞྭ་ལུ་བ་སངས་རྒྱས་དཔལ་བཟང་། བླ་མ་ཆོས་རྒྱལ་བཀྲ་ཤིས། འཁྲུལ་ཞིག་བྱམས་པ་ཤེར་བཟང་། ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་མཁྱེན་བརྩེ་དབང་ཕྱུག སྤྱན་རས་གཟིགས་སྐལ་ལྡན་བཟང་པོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །སུ་ཀ་སིདྡྷིའི་དབང་བཞིའི་བྱིན་རླབས། དེའི་ཁྲིད། ཁྲིད་ཡིག་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། གོང་གི་ཕྱག་ཆེན། ཆོས་དྲུག་སོགས་ཀྱི་བརྒྱུད་པ་དང་འདྲའོ། ༈ །ཐུགས་རྗེ་ཆེན་པོའི་རིགས་གཏད་དཀར་དམར་གྱི་བརྒྱུད་པ་ནི། གྲུབ་ཆེན་ར་ཧུ་ལ། ཇོ་བོ་རྗེ། ནག་ཚོ། ཕྱག་སོར་བ། བྱ་ཡུལ་བ། ལྕེ་བསྒོམ་པ། སྐྱེར་ཁང་པ་མན་འདྲའོ། ༈ །རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་མན་ངག་དང་བཅས་པའི་བརྒྱུད་པ་ནི། རྟ་མགྲིན། སློབ་དཔོན་པདྨ། སྐྱེར་སྒང་པ། སངས་རྒྱས་གཉན་སྟོན། ཆོས་རྗེ་སྟོན་པ། གཙང་མ་ཤངས་སྟོན། མཁས་བཙུན་རྒྱལ་མཚན་འབུམ་པ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། རི་ཁྲོད་པ་སངས་རྒྱས་སེང་གེ སྤྲུལ་སྐུ་སངས་རྒྱས་རྡོ་རྗེ། ཕ་རྒོད་ཐར་པ་དཔལ་བཟང་། དྲིན་ཅན་སངས་རྒྱས་རྣམ་རྒྱལ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་མན་འདྲ། ཡང་ན་མཁས་བཙུན་པ། འཇག་ཆེན་པ། མཁས་བཙུན་འོད་ཟེར་བ། བྱང་སེམས་ཀུན་དགའ་