R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༣༠བ
[A:༣༠བ]ཆོས་རྒྱལ། མོན་རྫོང་རས་པ། མཁྱེན་རབ་ཆོས་རྗེ། རྗེ་རྡོ་རིང་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་མན་འདྲ། ཡང་རྗེ་བླ་མ་མཐུ་སྟོབས་ཀྱི་དབང་ཕྱུག་དེ་ཉིད་ཀྱི་དྲུང་དུ། གངས་ཅན་བསྟན་པའི་མངའ་བདག་དཔལ་ས་སྐྱ་པ་རྣམས་ལ་རྡོ་རྗེ་ནག་པོ་ཆེན་པོའི་ཆོས་སྐོར་བརྒྱུད་པའི་བཀའ་བབ་བཞི་ཙམ་བཞུགས་པའི་ནང་གི་རྗེས་གནང་མན་ངག་ཟབ་མོའི་ཁྲིད་སོགས་རྒྱས་ཤིང་ཞིབ་པར་ཐོབ་པ་ལས། ཐོག་མར་མགོན་པོ་ཁྲོ་བཅུའི་རྗེས་སུ་གནང་བ་
མཐའ་རྟེན་སྐུ་གསུང་ཐུགས་མི་འགྱུར་བའི་གདམས་ངག་དང་བཅས་པ།
ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། མཁའ་འགྲོ་མ་རྡོ་རྗེ་གུར། གྲུབ་ཆེན་བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ་བདེ་བའི་རྡོ་རྗེ། པཎ་གྲུབ་དད་བྱེད་གོ་ཆ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ་ཙཱ་བ་བློ་གྲོས་གྲགས་པ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎ་ཆེན། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། དམ་པ་ཀུན་དགའ་གྲགས། བླ་མ་བདག་ཉིད་ཆེན་པོ། མཁས་བཙུན་ནམ་མཁའ་ལེགས་པ། ཆོས་ཀྱི་རྗེ་བླ་མ་དམ་པ། སྔགས་འཆང་གཟུངས་ཀྱི་དཔལ་བ། རྗེ་བཟང་པོ་རྒྱལ་མཚན། ཆོས་རྗེ་དགེ་བ་རྒྱལ་མཚན། རྗེ་སངས་རྒྱས་མཆོག་པ། ཆོས་རྗེ་སྐྱེས་མཆོག་རྒྱལ་མཚན། གྲུབ་དབང་བཀྲ་ཤིས་སེང་གེ ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག གྲུབ་མཆོག་བསོད་ནམས་ཆོས་འཕེལ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ལྕམ་དྲལ་དང་ལྷ་