R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༣ན
[A:༣ན]ཡང་རྗེ་དེ་ཉིད་ཀྱི་དྲུང་དུ། རྗེ་བཙུན་བཅོམ་ལྡན་འདས་མ་སྒྲོལ་དཀར་སྤྱན་བདུན་མ་ཡིད་བཞིན་གྱི་འཁོར་ལོའི་རྗེས་གནང་སྔོན་དུ་འགྲོ་བས་དེའི་ཚེ་ཁྲིད་ཉམས་ཁྲིད་དུ་བསྩལ་ནས། རྒྱབ་རྟེན་གྱི་ལུང་ལ། ཁྲིད་ཡིག་ཟླ་བའི་ཆུ་རྒྱུན་གྱི་ཉམས་ལེན་གྱི་ཡི་གེ རྗེས་གནང་བརྒྱུད་འདེབས་དང་བཅས་པ་རྗེ་ཚར་པས་མཛད་པ། སྦྱིན་སྲེག་མཁྱེན་བརྩེ་བས་མཛད་པ། བླ་མ་དམ་པས་མཛད་པའི་མངོན་རྟོགས་དང་། སྦྱིན་སྲེག་གི་ཡི་གེ་སོགས་འདི་སྐོར་གྱི་ཆོས་སྣ་མང་པོའི་ཡིག་ལུང་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ་དཀར་མོ། པཎ་གྲུབ་ངག་གི་དབང་ཕྱུག་གྲགས་པ། བླ་མ་རྡོ་རྗེ་གདན་པ། རྗེ་བཙུན་བ་རི་ལོ་ཙཱ་བ། གྲུབ་ཆེན་སླེ་ནག་པ། བཤེས་གཉེན་སྦྲེ་པ། མཉམ་མེད་སྒམ་པོ་བ། དྭགས་སྒོམ་ཚུལ་ཁྲིམས་སྙིང་པོ། སྒོམ་བྱུང་ཤེས་རབ་བྱང་ཆུབ། འདུལ་འཛིན་པ། རྗེ་འབྲི་ཁུང་