[A:༣བ]པ། རྗེ་དམ་ཆོས་གླིང་པ། བླ་མ་ཆོས་ཀྱི་ཚུལ་ཁྲིམས། མཉམ་མེད་ལྷ་ལུང་པ། ཐེག་གནས་པ་ཆེན་པོ། བླ་མ་ཆོས་ཀྱི་དབང་ཕྱུག འདྲེན་མཆོག་བྱང་ཆུབ་བཟང་པོ། ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ། སྤྱན་སྔ་བསོད་ནམས་ལྷ་དབང་། སྤངས་གཤོང་ཧ་རི་ཁ་པ་དཔལ་ལྡན་རྒྱལ་མཚན། རྗེ་བཙུན་ཀརྨ་འཕྲིན་ལས་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་པའི་དབྱངས་མཁྱེན་བརྩེ་དབང་ཕྱུག རྡོ་རྗེ་འཆང་བསོད་ནམས་ཆོས་འཕེལ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་མ་ཅིག་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་བྱིན་རླབས་སམ་དབང་སྐུར་ཟབ་མོ་ཐོབ་པའི་བརྒྱུད་པ་ནི། ཚེ་དཔག་མེད་མགོན། མ་ཅིག་གྲུབ་པའི་རྒྱལ་མོ། ཏི་པུ་པ། རས་ཆུང་རྡོ་རྗེ་གྲགས། མི་ལ་བཞད་པའི་རྡོ་རྗེ། དྭགས་པོ་ལྷ་རྗེ། ཁམས་པ་རྡོ་རྒྱལ། འབྲི་ཁུང་འཇིག་རྟེན་མགོན་པོ། སྤྱན་སྔ་བ། ཡང་དགོན་པ། སྤྱན་སྔ་རིན་ཆེན་ལྡན། ཟུར་ཕུག་པ། ཆོས་རྗེ་རྒྱལ་མཚན་དཔལ། བདེ་ལེགས་རིན་ཆེན། ཀུན་དགའ་དཔལ་བཟང་པོ། དཔལ་ལྡན་བཟང་པོ། ཆོས་རྗེ་དཔལ་མགོན་པ། རྗེ་བཙུན་སངས་རྒྱས་རིན་ཆེན། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། བདག་ཆེན་ཀུན་དགའ་བཀྲ་ཤིས། དེ་གཉིས་ཀྱིས་འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་རིག་འཛིན་རྒོད་ལྡེམ་པ་ནས་བརྒྱུད་པའི་ཚེ་དབང་