R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༣༦བ
[A:༣༦བ]རྟོགས་དགོས་སོ། །
གཟུངས་འཛུགས་ཐབས་དམ་པས་མཛད་པ། གཟུངས་འཛུགས་དང་བཀའ་བསྐོ་འཕགས་པས་མཛད་པ། མངའ་གསོལ་དམ་པས་མཛད་པ། བསྐང་གསོ་དམ་པ་གཅུང་གིས་མཛད་པ། བསྐང་གསོ་བླ་ཆེན་གྲགས་འོད་པས་མཛད་པ། མདོས་བསྐང་བླ་ཆེན་བསོད་བློས་མཛད་པ། མདོས་བསྐང་ཀུན་དགའ་ཟླ་བས་མཛད་པ། མདོས་བསྐང་ཆོས་རྗེ་བཟང་པོ་རྒྱལ་མཚན་པས་མཛད་པ། དེས་མཛད་པའི་མདོས་ཀྱི་གཤོམ་ཡིག ལྷ་མོའི་མདོས་བསྐང་སློབ་དཔོན་པདྨས་མཛད་པ། མགོན་པོའི་མངའ་གསོལ་བདག་ཆེན་གྲགས་པ་བློ་གྲོས་པས་མཛད་པ། ཆོས་སྐྱོང་གི་བསྐང་བཤག་བླ་མ་དམ་པས་མཛད་པ། བསྐང་གསོ་ཆུང་ངུ་དམ་པས་མཛད་པ། གཏོར་མདོས་ཀྱི་བསྐང་གསོ་དང་བྱིན་རླབས་ཀྱི་ཆོ་ག་མཐོང་བ་དོན་ལྡན་རྫོང་པ་ཀུན་དགའ་རྒྱལ་མཚན་པས་མཛད་པ། ནག་པོ་མཆོད་རྟེན་གྱི་ས་བཅད་བོ་དོང་དགེ་སེང་པས་མཛད་པ། བསྐང་གསོ་རྒྱས་འབྲིང་བསྡུས་གསུམ་གྱི་ཐེམ་ཡིག་མུས་སྲད་པས་མཛད་པ། བསྐང་བ་རྙིང་པ་རྣམས་ལས་ཟུར་དུ་ཕྱུང་བ་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པ། དེས་མཛད་པའི་མདོས་གཞུང་རྒྱས་པ། དེས་མཛད་པའི་ལྷ་མོའི་བསྐང་གསོ། དེས་མཛད་པའི་ཐོབ་རྒྱལ་གྱི་རྫོང་རིར་བཀའ་བསྒོ་བའི་ཡི་གེ བསྟོད་པའི་སྐོར་ལ། ནག་པོ་ཆེན་པོ་ལ་བརྟག་བསྟོད་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། བསྟོད་པའི་ཕྲེང་བ་བྲམ་ཟེས་མཛད་པ། བསྟོད་བསྐུལ་སློབ་དཔོན་བྷ་ཝ་ལྷས་མཛད་པ། མཻ་ཏྲི་པས་མགོན་པོ་ཞལ་གཟིགས་དུས་མཛད་པ། སློབ་དཔོན་ཨ་བྷ་ཡས་ཞལ་གཟིགས་དུས་བསྟོད་པ། པཎྜི་ཏ་སྤྱན་ཆེན་པོས་དུར་ཁྲོད་བསིལ་བའི་ཚལ་དུ་