[A:༣༦ན]སྐོར་ལ། མགོན་པོའི་ལོ་རྒྱུས། ལས་མགོན་གྱི་ལོ་རྒྱུས་རྣམས་དམ་པས་མཛད་པ། མགོན་པོ་གཤིན་རྗེ་ལྟར་བསྒྲུབ་པའི་གཏམ་རྒྱུད་ཀྱི་རྟོག་པ། རྗེས་གནང་གི་སྐབས་སུ། ལྷ་བཅུ་གཉིས་མའི་རྗེས་གནང་སྤྲུ་ལུང་པ་ཀུན་སྨོན་གྱིས་མཛད་པ། ལྕམ་དྲལ་གྱི་རྗེས་གནང་ཨ་ནནྡ་པས་མཛད་པ། དེའི་རྗེས་གནང་ཆོས་རྗེ་བཟང་པོ་རྒྱལ་མཚན་པས་མཛད་པ། ག་ཡ་དྷ་ར་ལུགས་ཀྱི་མགོན་རྐྱང་གི་རྗེས་གནང་བྱ་ཚུལ། དབང་གི་སྐོར་ལ། དཀྱིལ་ཆོག་ཐེག་ཆེན་ཆོས་རྒྱལ་གྱིས་མཛད་པ། དཀྱིལ་འཁོར་གྱི་ཐིག་རྩ། མངོན་རྟོགས། སིནྡྷུ་རའི་དབང་ཆོག་རྣམས་ཀྱི་ཟུར་འདེབས་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པས་མཛད་པ། སྒྲུབ་ཐབས་བདུད་ལས་རྣམ་པར་རྒྱལ་བ་དང་། དཀྱིལ་ཆོག་རྫོང་པ་ཀུན་དགའ་རྒྱལ་མཚན་པས་མཛད་པ། རྒྱུད་ཀྱི་སྐོར་ལ། ལྷ་མོ་མཚན་བརྒྱ་རྩ་བརྒྱད་ཀྱི་བསྟོད་པ། མ་མོ་སྲོག་གི་འཁོར་ལོ་ཞེས་བྱ་བ་ལེའུ་ཉི་ཤུ་ཡོད་པ། གཞན་ཡང་དཀར་ཆག་ན་གསལ་བ་རྒྱུད་དང་། ལྷ་མོའི་གཟུངས་སོགས་ཡིག་སྣ་བཞི་ཙམ་སྣང་། སྒྲུབ་ཐབས་ཀྱི་སྐོར་ལ། ཕོ་རྐྱང་གི་སྒྲུབ་ཐབས་ཤོག་སྔོན་ཅན་ཞེས་བྱ་བའི་སྒྲུབ་ཐབས་དམ་པས་མཛད་པ། ཡང་ཕོ་རྐྱང་བཀའ་སྡོད་ལྟར་བསྒྲུབ་པ་དང་། མོ་རྐྱང་གི་སྒྲུབ་ཐབས་དང་། བེར་ནག་ཟངས་གྲི་ཅན་གྱི་སྒྲུབ་ཐབས་རྣམས་དམ་པས་མཛད་པ། བསྐང་གསོའི་སྐོར་ལ། མདོས་བསྐང་རྒྱས་པ་དམ་པས་མཛད་པ། གཏོར་མདོས་ཐུན་མོང་བའི་བསྐང་གསོ་ཆོས་ཉིད་མ་དམ་པས་མཛད་པ། ནག་པོ་མཆོད་རྟེན་མ་སྔགས་འཆང་གཟུངས་པས་མཛད་པ།
འདི་གཞན་དག་ལ་དམ་པས་མཛད་པར་འདོད་ཀྱང་། རང་ལུགས་ལ་གཟུངས་པས་མཛད་པ་