R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༣༧བ
[A:༣༧བ]རྗེས་གནང་གི་ཡི་གེ ཁྲོ་བཅུའི་སྲུང་འཁོར། གཏོར་ཆོག་དགྲ་ལས་རྣམ་རྒྱལ། བསྟོད་པ་བདུད་ལས་རྣམ་རྒྱལ། མན་ངག་གཡུལ་ལས་རྣམ་རྒྱལ། བསྐང་གསོ་ཧེ་རུ་ཀ་དཔལ་མ་རྣམས་རྗེ་རྡོ་རྗེ་འཆང་གིས་མཛད་པ། གདོང་བཞི་པའི་བསྐང་གསོའི་ལག་ལེན་ཀུན་དབང་པས་མཛད་པ། གཏོར་སྒྲུབ་ངོར་ལུགས་ཀྱི་ཟིན་བྲིས་སོ། །བདག་ཆེན་རྡོ་རྗེ་འཆང་གི་མན་ངག་དཔལ་ལྡན་རྒྱལ་པོ་ནས་བརྒྱུད་པ་ལ། ནང་སྒྲུབ་ཀྱི་ཡི་གེ་ཞི་དྲག་གཉིས། པུ་ཏྲའི་རྗེས་གནང་གི་ཡི་གེ གཏོར་མ་ལ་བརྟེན་ནས་དགྲ་བསད་པ། བཙན་པོའི་མཁར་དུ་བཅུག་པ། རྨི་ལམ་ངན་པ་ཞི་བ། བྲག་རྫོང་མའི་ཞལ་ཤེས་རྣམས་འཇམ་དབྱངས་སངས་རིན་པས་མཛད་པ། འདི་རྣམས་ཚར་ཆེན་གྱིས་བདག་ཆེན་ངག་པ་ལ་གསན། མགོན་པོ་ཆེ་ཆུང་གི་བསྙེན་པ་བྱེད་ཚུལ། གང་ཐུགས་སྐུལ་བྱེད་མ་བདག་ཆེན་ངག་གི་དབང་ཕྱུག་པས་མཛད་པ། ཐོར་བུའི་སྐོར་ལ། ཆོས་སྐྱོང་གི་བསྐང་གསོ་རིན་ཆེན་འབར་མ། མགོན་པོ་སྔོན་བྱུང་གི་རྒྱུད་ནས་བཤད་པའི་མགོན་པོ་རིགས་དྲུག་གི་མངོན་རྟོགས། རིགས་དྲུག་གི་རྗེས་གནང་གི་ཡི་གེ་རྣམས་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པ། ཆོས་སྐྱོང་སྤྱིའི་བསྐང་བཤག གུར་ཞལ་ལས་མགོན་དང་བཅས་པའི་བསྟོད་པ་སྟག་ཚང་ལོ་ཙཱ་བས་མཛད་པ་སྟེ་ཁ་སྐོང་གླེགས་བམ་གྱི་སྐོར་འདི་དག་ཆེད་གཉེར་ཆེན་པོས་ལེགས་པར་ཐོབ་པའོ། །ཡང་མགོན་པོད་ཀྱི་ལྗང་ལུགས་ཀྱི་རྣམ་གྲངས་ལ། བརྒྱུད་པའི་གསོལ་འདེབས་ལམ་རིམ་དང་བཅས་པ་ཐམས་ཅད་མཁྱེན་པ་མཁྱེན་བརྩེ་དབང་ཕྱུག་གིས་མཛད་པ། མགོན་པོའི་སྐྱེ་རྒྱུད་ཀྱི་ཡིག་རྙིང་། ལྷ་དངོས་དང་བརྒྱུད་པའི་ལོ་རྒྱུས་སྟོན་