R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༣༨ན
[A:༣༨ན]པའི་ཡི་གེ་དྷརྨ་གཟི་བརྗིད་ཀྱིས་མཛད་པ། དབང་དང་རྗེས་གནང་གི་སྐོར་ལ། དབང་ཆོག་གི་ཡི་གེ་བྲམ་ཟེས་མཛད་པ་གཉིས། ལྷ་བཅུ་བདུན་མའི་དབང་གི་ཟིན་བྲིས། དབང་ཆོག་གི་བསྡུས་དོན། དགའ་ལྡན་པ་ཀུན་བསོད་ཀྱིས་མཛད་པའི་དབང་ཆོག དབང་གི་ལག་ལེན་དྷརྨཱ་གཟི་བརྗིད་ཀྱིས་མཛད་པ། གཅེར་བུ་དང་བྲན་བདུད་ཀྱི་རྗེས་གནང་གི་ཟུར་འདེབས་ཀྱི་ཡིག་རྙིང་། རྒྱུད་ཀྱི་སྐོར་ལ། གཙོ་རྐྱང་སྟོན་པའི་རྒྱུད་གུར་ནས་ཕྱུང་བ། མགོན་པོ་ཁྲོས་པའི་རྒྱུད་གུར་ནས་ཕྱུང་བའི་ནག་པོ་ཆེན་པོའི་རྒྱུད་བཅུ་བདུན་མ་སྟོན་བྱེད་དུར་ཁྲོད་ནག་པོའི་རྒྱུད་ལེའུ་བཅུ་གཉིས་པ།་་་་་
འདི་དཀར་ཆག་ན་མི་གསལ།
རྒྱུད་འདིའི་སྔགས་བཏུའི་ལེའུ་འགྱུར་ཁྱད་ཚིགས་བཅད་མ། རྒྱུད་ཀྱི་དོན་འགྲེལ་བཞི་སྡོམ་བཅུ་པ། དུར་ཁྲོད་ནག་པོའི་བྱུང་ཁུངས་སྟོང་ཐུན་གྱི་ཁོག་དོན་བསྡུས་པ་དྷརྨ་གཟི་བརྗིད་ཀྱིས་མཛད་པ། དེས་མཛད་པའི་རྒྱུད་ཀྱི་བསྡུས་དོན། དེས་མཛད་པའི་དུར་ཁྲོད་ནག་པོའི་རྣམ་བཤད་རྡོ་རྗེའི་ཚིག་དོན་གསལ་བྱེད། སྒྲུབ་ཐབས་ཀྱི་སྐོར་ལ། སྒྲུབ་ཐབས་བསྡུས་པ་དཔའ་བོ་གཅིག་པའི་རྒྱ་གཞུང་བྲམ་ཟེས་མཛད་པ། དེའི་བསྡུས་དོན་དྷརྨཱ་གཟི་བརྗིད་ཀྱིས་མཛད་པ། སྒྲུབ་ཐབས་འབྲིང་པོ་ནག་པོ་ཕུར་བུའི་སྒྲུབ་ཐབས་བྲམ་ཟེས་མཛད་པ། སྲོག་ཕུར་གྱི་ཡི་གེ་བྲམ་ཟེས་མཛད་པ། ཕུར་བུའི་སྒྲུབ་ཐབས་ཀྱི་གསལ་བྱེད་ས་ཆེན་གྱིས་མཛད་པ། སྲོག་གི་སྤུ་གྲིའི་སྒྲུབ་ཐབས་གྱི་ལྗང་གིས་བསྒྱུར་པ། དེའི་གསལ་བྱེད་ས་ཆེན་གྱིས་མཛད་པ། སྒྲུབ་ཐབས་རྒྱས་པ་འཕྲིན་ལས་གསང་བའི་སྒྲུབ་ཐབས་བྲམ་ཟེས་མཛད་པ། དེས་མཛད་པའི་བཅུ་བདུན་མའི་སྒྲུབ་ཐབས། དེའི་བསྡུས་