[A:༤༠ན]སྟོན། ཀུན་མཁྱེན་དོལ་བུ་ཤེས་རབ་རྒྱལ་མཚན། མཁན་ཆེན་བྱང་སེང་བ། ཐེག་ཆེན་པ་མན་འདྲའོ། །ཡང་ན་ནམ་མཁའ་ལྷུན་བཟང་པ་ལ། བྲག་ཐོག་པ་དཔལ་འཛིན་བཟང་པོས་གསན། དེ་ལ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པས་གསན་ནོ། །ཡང་ན། ར་ལམ་པ། ཞང་ཆུང་པ། ལ་ལུང་པ། སྐྱེ་མེད་ཇོ་གདན། གྲུ་སྟོན་མན་སྔར་དང་འདྲའོ། ༈ །ཡང་ན་བརྒྱུད་པ་ལུགས་གཅིག་ནི། རྡོ་རྗེ་འཆང་། སློབ་དཔོན་བྲམ་ཟེ་མཆོག་སྲེད། གྲུབ་ཆེན་ནག་པོ་རོ་འཛིན། ལོ་ཙཱ་བ་གྱི་ལྗང་དབུ་དཀར། མལ་ལོ་ཙཱ་བ་བློ་གྲོས་གྲགས། བླ་མ་ས་སྐྱ་པ་ཆེན་པོ། བླ་ཆེན་ཡར་བསྒོམ་སེ་བོ། རྒྱལ་ཚབ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། ཡར་ཀླུང་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག འཇམ་དབྱངས་ནམ་མཁའ་རྒྱལ་མཚན། རྒྱ་དཀར་ཤེས་རབ་རྒྱལ་མཚན། པཎྜི་ཏ་འབུམ་ཕྲག་གསུམ་པ། ཆོས་རྗེ་ཚུལ་ཁྲིམས་པ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག གྲུབ་མཆོག་བསོད་ནམས་ཆོས་འཕེལ། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་དམ་པ་དེ་ཉིད་ཀྱི་དྲུང་དུ་དགེ་བའི་བཤེས་གཉེན་བཀའ་གདམས་པ་ནས་བརྒྱུད་པའི་དམ་པའི་ཆོས་ཀྱི་བཀའ་དྲིན་ནོས་པ་ལ། ཐོག་མར་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་ལེགས་པར་ནོས་པའི་བརྒྱུད་པ་ནི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། གསང་ཕུ་