[A:༣༩བ]བསོད་ནམས་ལའོ། ༈ །ཡང་བརྒྱུད་པ་ལུགས་གཅིག་ལ། རྡོ་རྗེ་འཆང་། བྲམ་ཟེ་མཆོག་སྲེད། བཛྲ་པ་ཎི། ཀུ་ཀུ་རི་པ། ལ་ལི་ཏ་བཛྲ། གྱི་ལྗང་དབུ་དཀར། ཁམས་པ་གྲུ་གུ་སྟོན་པ། མོན་མིག་དམར་སྟོན་པ། ར་ལམ་མར་སྟོན། མགོན་པོ་ཇོ་ཞང་། ལང་གྲོ་བྱང་ཆུབ་དར། ལྕེ་སྟོན་མདོ་སྡེ་སེང་གེ དཀར་གཤོང་པ་རྡོ་རྗེ་རྒྱལ་མཚན། མངའ་རིས་བླ་ཆེན་ཆོས་དཔལ་བཟང་པོ། སྟག་ཚང་ལོ་ཙཱ་བ་མཛྙུ་ཤྲཱི། གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན། མུས་ཆེན་རྣམ་རྒྱལ་བཟང་པོ། ཐུགས་སྲས་ཀུན་དགའ་རྒྱལ་པོ་མན་འདྲ། ཡང་གྲུ་སྟོན་ལ་བདག་པོ་བསོད་ཡོན་པས་གསན། དེ་ལ་མངའ་རིས་བླ་ཆེན་པས་གསན་ནོ། །ཡང་བརྒྱུད་པ་ལུགས་གཅིག་ལ། བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ་བདེ་བའི་རྡོ་རྗེ། ཤདྡྷ་ཀ་ར་ཝརྨ།
ཤདྡྷ་དད་པ། ཨ་ཀ་ར་འབྱུང་གནས་ཏེ། དད་པའི་འབྱུང་གནས་གོ་ཆར་བསྒྱུར་པ་དག་པར་འདུག དད་བྱེད་གོ་ཆ་མ་དག་ཅེས་ལོ་ཆེན་བསོད་ནམས་རྣམ་རྒྱལ་གསུངས་པར་གྲགས།
དི་པཾ་ཀ་ར། ལོ་ཆེན་རིན་ཆེན་བཟང་པོ། དགེ་ཚུལ་པུརྞ། རྒྱ་ལྕགས་རི་གོང་ཁ་བ། རྫིང་བུ་ཁ་པ་ཤཱཀྱ་གྲགས། སྤེན་ཕུག་པ་དར་མ་ཤཱཀྱ། ཞང་སྟོན་ཡེ་ཤེས། གཟེ་བ་དོན་གྲུབ། བར་ཐང་པ་ཡབ་སྲས། སློབ་དཔོན་དར་ཤཱཀ་པ། སྤུར་སྟོན་བསོད་ནམས་དབང་ཕྱུག བླ་མ་མཆོག་ལྡན་པ། སྐྱི་སྟོན་གྲགས་རྒྱལ། བླ་མ་རིན་ཆེན་རྡོ་རྗེ། མཁན་ཆེན་ནམ་མཁའ་ཡེ་ཤེས། མཁན་ཆེན་བྱང་ཆུབ་སེང་གེ ཕྱི་མ་གསུམ་ཆར་ལ་ཐེག་ཆེན་ཆོས་ཀྱི་རྒྱལ་པོས་གསན། དེ་ལ་ཆོས་རྗེ་ཀུན་དགའ་རྒྱལ་མཚན་པ། མཁན་ཆེན་ནམ་མཁའ་ལྷུན་བཟང་པ། གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན་མན་འདྲའོ། །ཡང་ན་སྐྱི་