R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༤༡ན
[A:༤༡ན]དབང་པོ། སྨྱུག་ལ་པཎ་ཆེན་ངག་དབང་གྲགས་པ། ལྕགས་ཐང་རབ་འབྱམས་པ་བྱམས་པ་བསོད་ནམས་དཔལ་ལྡན། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་སྤྱན་སྔ་རིན་ཆེན་ངག་དབང་ཆོས་གྲགས་རྒྱལ་མཚན་གྱི་ཡིག་ཆའི་སྟེང་ནས་སྦྱོར་དངོས་རྗེས་གསུམ་ཆོ་ག་ཆ་ལག་ཡོངས་སུ་རྫོགས་པ་དང་། དེ་ནས་བཀའ་གདམས་གླེགས་བམ་ཡོངས་རྫོགས་ཀྱི་ལུང་ཐོབ་པའི་ཆོས་སྣའི་རྣམ་གྲངས་ལ། བསྟན་པ་རིན་པོ་ཆེའི་ལྷ་ཆོས་ཕུན་སུམ་ཚོགས་པའི་ལོ་རྒྱུས་ངོ་མཚར་རྨད་དུ་བྱུང་བའི་དཔལ་འབྱོར་ཞེས་བྱ་བ་གླེགས་བམ་གྱི་ལོ་རྒྱུས་ཆེན་པོ་དང་། ཐུགས་དམ་རྒྱལ་བ་ཡབ་སྲས་ཀྱི་བཀོད་པ་ཕུན་སུམ་ཚོགས་པའི་གཏེར་ཞེས་བྱ་བ་དང་། ལྷ་ཆོས་ཉམས་ལེན་གྱི་མན་ངག་ཐིག་ལེ་ཆེན་པོའི་དབྱིངས་སུ་བྱང་ཆུབ་སེམས་གཉིས་སྤེལ་བ་ཟུང་འཇུག་ཉི་ཟླའི་ཐིག་ལེ་ཞེས་བྱ་བ། ཐིག་ལེ་བཅུ་དྲུག་གི་དབང་ཆོག་དང་ཁྲིད་ཡིག་ཟུང་དུ་འཇུག་པ་སྟེ་ཆོས་ཚན་གསུམ་པོ་འདི་དགེ་བའི་བཤེས་གཉེན་སྟོན་པ་ནམ་མཁའ་རིན་ཆེན་དང་། སྣར་ཐང་མཁན་པོ་རིན་ཆེན་ཉི་མ་རྒྱལ་མཚན་པ་གཉིས་ཀྱིས་མཛད་པ་དང་། གླེགས་བམ་རང་གི་ངོ་བོ་ལ་དང་པོ་སྤྲུལ་པའི་གླེགས་བམ་གྱི་བཞུགས་ཚུལ་བཞིན་ལ་འབྲོམ་ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་ལོགས་སུ་ནན་གྱིས་བསྟན་པའི་བཀའ་རྒྱ་ཆེན་མོ། ཡང་འབྲོམ་གྱིས་མཛད་པའི་རང་རྒྱུད་ལ་བསྐུལ་མ་འདེབས་པ་དད་པའི་ལྗོན་ཤིང་ཞེས་བྱ་བ་དང་། ཐུན་མོང་མ་ཡིན་པའི་གསོལ་འདེབས་ཡན་