R382: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རིགས་ལྡན་འཇམ་པའི་དབྱངས་གྲུབ་མཆོག་མཐུ་སྟོབས་དབང་ཕྱུག་མཆེད་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༧བ
[A:༧བ]མེད་པ། ཀྱཻ་རྡོ་རྗེའི་བཀྲ་ཤིས། ཀྱེ་རྡོར་དཔའ་གཅིག་གི་མངོན་རྟོགས་བ་རི་ལུགས། བདག་མེད་ལྷ་མོ་བཅོ་ལྔའི་སྒྲུབ་ཐབས། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པར་བསྐུར་བའི་བདག་མེད་མའི་དབང་གི་ཐོ་ཡིག ཀྱཻ་རྡོ་རྗེའི་ཚོགས་འཁོར་འབྲིང་པོ། ཀྱཻ་རྡོ་རྗེའི་ལས་བཞིའི་སྦྱིན་སྲེག རྩ་བ་དང་ཡན་ལག་གི་ལྟུང་བའི་རྣམ་བཤད་འཁྲུལ་སྤོང་ཆེན་མོ། ངན་སོང་སྦྱོང་རྒྱུད་ཀྱི་སྤྱི་དོན།
གཞན་ཕན་སྤྱི་ཆིངས།
གཞན་ཕན་འོད་ཟེར། གཞན་ཕན་ཉེར་མཁོ། སྦྱོང་རྒྱུད་ཀྱི་བསྡུས་དོན།
ས་བཅད་ཀྱང་ཟེར།
ཨརྒའི་ཆོ་ག རབ་གནས་དོན་གསལ། རིགས་གསུམ་རིགས་གཏད། འཇམ་དཔལ་དཔའ་བོ་གྲུབ་པའི་རྒྱུད་ཀྱི་ཊཱིཀྐ། རྒྱ་གར་རྒྱལ་པོའི་རྒྱལ་རབས། བོད་ཀྱི་རྒྱལ་པོའི་རྒྱལ་རབས། འཁོན་གྱི་གདུང་རབས། སྡེ་པའི་གྱེས་མདོ། མི་གཡོ་བའི་བསྟོད་པ་རིགས་གསུམ་འཐད་ལྡན། འཇམ་དཔལ་ལ་བསྟོད་པ་རྒྱུད་གསུམ་འཁོར་ལོ། རྡོ་རྗེ་ཕུར་པའི་ཐོ་ཡིག ཁ་འབར་མའི་རྒྱུད་ཀྱི་དགོངས་པ་དོན་ལྔ་པ། གཏོར་མ་བརྒྱ་རྩ། དུས་ཚོད་ངེས་པར་བཟུང་བའི་ཡི་གེ གཟའ་སྐར་འཕྲོད་མི་འཕྲོད་ཀྱི་ཡི་གེ ཕྱག་རྒྱ་ཆེན་པོ་གཅེས་བསྡུས། ཕྱག་ཡིག་དགུ་འཕྲུལ། ལས་དང་པོའི་བྱ་བ་རིན་ཆེན་ཕྲེང་བ། རྡོ་རྗེ་འབྱུང་བའི་དཀྱིལ་ཆོག་གི་ལོ་རྒྱུས་དང་ཊཱིཀྐ། ཨ་ར་པ་ཙ་ནའི་སྒྲུབ་ཐབས། ཨ་ར་པ་ཙ་ན་ལྷ་ལྔའི་སྒྲུབ་ཐབས། མཚན་བརྗོད་འདོན་ཐབས། དོན་ཡོད་ཞགས་པའི་ཆོ་ག་ལག་ཏུ་བླངས་པའི་རིམ་པ། མཎྜལ་བྱ་
ཚུལ་ཡང་ཟེར།
ཐབས། སྲུང་འཁོར་བྱ་ཐབས། སྲུང་འཁོར་བྲི་ཐབས། ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཡེ་ཤེས་སྣང་བའི་སྒྲོན་མ། རྣམ་འཇོམས་རྒྱུད་ཀྱི་གསལ་བྱེད་འོད་ཟེར་